༄༅།། བོད་ཀྱི་ཐེབས་རྩའི་སྦྱིན་བདག་གནང་བའི་ཞུ་སྐུལ།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་གྱི་ཆ་རྐྱེན་དང་། དཔལ་འབྱོར་གྱི་ཁེ་ཕན་མ་ཐོབ་པར།པའི་རྐྱེན་གྱིས་རང་གི་བདེ་ཐབས་དང་སྤྱི་དམངས་ཀྱི་འགན་འཁུར་བྱེད་པའི་ནུས་པ་མེད་པ་མཁན་དབུལ་ཕོངས་དང་ཉམས་ཐག་མང་པོ་ཡོད། དེ་དག་མང་ཆེ་བ་ནི་ད་ཕྲུག་དང་། ཤེས་ཡོན་གྱི་གོ་སྐབས་བཟང་པོ་དོན་གཉེར་ཆེད་རང་ཡུལ་གྱར་ཏེ་རང་ཡུལ་བོད་ནས་ཁ་བྲལ་སྟེ་རྒྱ་གར་ནང་གསར་དུ་འབྱོར་བའི་བུ་ཕྲུག་ན་གཞོན་རྣམས་ཡིན་ཅིང་། ད་དུང་འགའ་ཞིག་ནི་རང་ལ་བུ་ཕྲུག་དང་བལྟ་རྟོགས་བྱེད་མཁན་ནང་མི་མེད་པའི་རྒས་གོག་ཁེར་རྐྱང་ཧྲེང་ཧྲེང་ལ་བརྟེན། ཤེས་ཡོན་དང་དཔལ་འབྱོར་གྱི་ཁེ་ཕན་སོགས་སྤྱི་ཚོགས་ནང་གོ་སྐབས་མ་ཐོབ་པ་དེ་དག་གི་དཀའ་ངལ་རིམ་སེལ་ཆེད་ཕྱི་ལོ་ ༡༩༩༩ ལོར་བོད་ཀྱི་ཐེབས་རྩ་ནས་སྦྱིན་བདག་འཚོལ་རྒྱུའི་ལས་གཞི་ (Sponsorship Program) ཟེར་བ་ཞིག་འགོ་འཛུགས་ཞུས་ཏེ་ད་ཕན་བར་ལོ་བཅུ་དགུའི་ནང་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་དང་དགོན་པ། རྒས་གསོ་ཁང་སོགས་སྡེ་ཁག་ ༨༠ ཙམ་ལ་རོབ་རྩིས་ཨ་སྒོར་ ༤༦༠༠༠༠༠ (ས་ཡ་བཞི་དང་འབུམ་དྲུག) མིག་སྨན་མིག་ཐོག་ཏུ་བཏང་ཐུབ་པ་བྱུང་ཡོད།

སྦྱིན་བདག་ཐབས་འཚོལ་གྱི་ལས་གཞི་ངོ་སྤྲོད་ཆེད་དེབ་ཆུང་འགྲེམས་སྤེལ་ཐོག་དྲ་དྲྭ་རྒྱ་དང་ངོ་དེབ་ཀྱི་ལམ་ནས་ཞུ་འབོད་བྱས་པའི་གྲུབ་འབྲས་སུ། གཞན་ཕན་རྙིང་རྗེ་ཅན་གྱི་སྦྱིན་བདག་སྒེར་པ་བརྒྱ་ཕྲག་གིས་ཁ་ཤས་ནས་སྔ་རྗེས་རོགས་རམ་གནང་སྟེ། བཙན་བྱོལ་སྤྱི་ཚོགས་ནང་ཉམས་ཐག་ཇི་སྙེད་ལ་རེ་བ་དང་གོ་སྐབས་གསར་པ་ཐོབ་ནས་མི་ཚེ་དོན་ལྡན་དུ་གྱུར་ཡོད་དང་ལྡན་པ་བྱུང་ཡོད། ལས་གཞི་འདི་ཐོག་ནས་མཐུན་རྐྱེན་མ་འདེང་པའི་སློབ་གྲྭ་དང་། དགོན་པ། རྒས་གསོ་ཁང་བཅས་པར་འཚོ་རོ་བཅུད་ལྡན་པའི་བཟའ་ཆས་དང་། དྲོད་འཇམ་གྱི་དྲོ་ཞིང་འཇམ་པའི་གྱོན་གོས། འཐུས་ཚང་འཕྲོད་བསྟེན་སྨན་བཅོས་བཅས་བལྟ་སྐྱོང་ཐུབ་པའི་དགེ་མཚན་བྱུང་ཡོད།

བོད་ཀྱི་ཐེབས་རྩའི་སྦྱིན་བདག་ཐབས་འཚོལ་ལས་གཞི་འདི་ཐོག་ནས་ཕྱི་ལོ་ ༢༠༡༧ ནང་སྒེར་གྱི་རོགས་རམ་ཨ་སྒོར་༡༧༦༧༧༢.༤༦ ཞུ་སློང་ཐུབ་པ་ཆ་ཚང་རོགས་པ་བྱེད་ཡུལ་དགོན་པ་དང་། སློབ་གྲྭ རྒས་གསོ་ཁང་བཅས་སྡེ་ཚན་སོ་སོར་བཏང་ཡོད། ད་ལྟའི་ཆར་ལས་གཞི་འདི་ཐོག་ནས་དགེ་འདུན་བཙུན་པ་ ༡༨༣ དང། བཙུན་མ་ ༧༨ སློབ་ཕྲུག ༣༥༢ དབང་པོ་སྐྱོན་ཅན་གྱི་བུ་ཕྲུག་ ༣༦ རྒས་གོག་དང་ཟློས་གར་སློབ་ཕྲུག་ ༢༩ བཅས་ལ་ཟླ་གསུམ་རེའི་མཚམས་རོགས་དངུལ་ཟླ་གསུམ་རེའི་མཚམས་གཏོང་མུས་ཡིན། ང་ཚོའི་སྦྱིན་བདག་ཐབས་འཚོལ་ལས་གཞིའི་འབྲེལ་མཐུད་འགན་འཛིན་ནས་གོང་གསལ་རོགས་རམ་གཏོང་ཡུལ་སྡེ་ཁག་ ༨༠ དང་། སྦྱིན་བདག་བརྒྱ་ཕྲག་འགའ་ཤས་ལ་རྒྱུན་དུ་མྱུར་འཕྲིན་དང་ཁ་པར་གྱི་ལམ་ནས་འབྲེལ་ལམ་གཏིང་ཟབས་ཞུ་བཞིན་ཡོད།>