བཙུན་མ་གཅིག་གི་སྦྱིན་བདག་གནང་བའི་ཞུ་སྐུལ་དང་རོགས་དངུལ་ཚད་གཞི།

དགོན་པར་སློབ་གཉེར་གནང་བཞིན་པའི་བཙུན་མ་གཅིག་གི་སྦྱིན་བདག་རོགས་དངུལ་ཚད་གཞི་ནི་ཟླ་བ་གཅིག་ལ་ཨ་སྒོར་༢༥ དང་ལོ་གཅིག་ལ་ཨ་སྒོར་༣༠༠ ཡིན་ཞིང། དངུལ་འབོར་འདིས་ཡིས་བཙུན་མ་གཅིག་གི་ལོ་གཅིག་གི་གསོལ་ཚིགས་དང་། བཞུགས་གནས། སློབ་སྦྱོང། འཕྲོད་བསྟེན་བལྟ་སྐྱོང་བཅས་ཀྱི་ཆེད་དགོན་པ་སོ་སོས་ཐུགས་འགན་བཞེས་པའི་ཐོག་ནས་འགྲོ་གྲོན་གཏོང་གི་རེད། ཁྱེད་ཀྱིས་སྦྱིན་བདག་གནང་པའི་དངུལ་འབོར་ཆ་ཚང་བརྒྱ་ཆ་བརྒྱ་ཐམ་པ་ཁྱེད་ཉིད་ཀྱིས་འདེམས་བསྒྲུགས་གནང་པའི་བཙུན་མ་དེའི་དགོན་པར་ཐད་ཀར་གཏོང་བའམ་ཡང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་དོན་ལྷན་ཁང་བརྒྱུད་གཏོང་གི་རེད། གཤམ་གསལ་བཙུན་དགོན་ཁག་གི་ལོ་རྒྱུས་ལ་ཐུགས་ཞིབ་ཀྱིས་གང་དུ་ཐུགས་འདོད་པ་དེའི་འབྲེལ་ཐག་ལ་ཐུག་ཙམ་གནན་ནས།བསྣན་ཙམ་གནང་ནས་སྦྱིན་བདག་གནང་སའི་བཙུན་མ་འདེམས་སྒྲུག་ཆེད་གོ་རིམ་གཞི་བཟུང་འབྲེལ་ཐག་སོ་སོར་མུ་མཐུད་གནན་བསྣན་དགོས།