དགེ་འདུན་པ་གཅིག་གི་སྦྱིན་བདག་གནང་བའི་ཞུ་སྐུལ་དང་རོགས་དངུལ་ཚད་གཞི།

དགོན་པར་སློབ་གཉེར་གནང་བཞིན་པའི་དགེ་ཚུལ་གཅིག་གམ། ཡང་ན་དགེ་སློང་གཅིག་གི་ལ་སྦྱིན་བདག་གནང་བའི་ན། རོགས་དངུལ་ཚད་གཞི་ནི་ཟླ་བ་གཅིག་ལ་ཨ་སྒོར་ ༢༥ དང་ལོ་གཅིག་ལ་ཨ་སྒོར་ ༣༠༠ ཡིན་ཞིང། དངུལ་འབོར་འདིས་དགེ་འདུན་པ་གཅིག་གི་གསོལ་ཚིགས་དང་། བཞུགས་གནས། སློབ་སྦྱོང། འཕྲོད་བསྟེན་བལྟ་སྐྱོང་བཅས་ཀྱི་ཆེད་དགོན་པ་སོ་སོས་ཐུགས་འགན་བཞེས་པའི་ཐོག་ནས་འགྲོ་གྲོན་གཏོང་མུས་རེད། ཁྱེད་ཀྱིས་སྦྱིན་བདག་གནང་པའི་དངུལ་འབོར་བརྒྱ་ཆ་བརྒྱ་ཐམ་པ་ཆ་ཚང་ཁྱེད་ཉིད་ཀྱིས་འདེམས་བསྒྲུགས་གནང་པའི་དགེ་འདུན་པ་དེའི་དགོན་པར་ཐད་ཀར་བཏང་གཏོང་བའམ། ཡང་ནས་ན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་དོན་ལྷན་ཁང་ཆོས་རིག་ལས་ཁུངས་བརྒྱུད་གཏོང་གི་རེད། གཤམ་གསལ་དགོན་པ་ཁག་གི་ལོ་རྒྱུས་ལ་ཐུགས་ཞིབ་ཀྱིས་གང་དུ་ཐུགས་འདོད་པ་དེའི་འབྲེལ་ཐག་ལ་ཐུག་ཙམ་གནན་བསྣན་ཙམ་གནང་ནས། སྦྱིན་བདག་གནང་སའི་གྲ་པ་དགེ་འདུན་པ་འདེམས་སྒྲུག་ཆེད་གོ་རིམ་གཞི་བཟུང་འབྲེལ་ཐག་སོ་སོར་མུ་མཐུད་གནན་བསྣན་དགོས།