བཙན་བྱོལ་བོད་མིའི་སྤྱི་ཚོགས།

བོད་མི་བཙན་བྱོལ་བའི་བདེ་རྩའི་རོགས་སྐྱོར།

༄༅། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་མི་རྣམས་བོད་ནས་བྲོལ་བྱོལ་གྱིས་བཙན་བྱོལ་དུ་སླེབས་འགོ་ཚུགས་ཤིང་། དེང་སྐབས་ཕྱི་ལོགས་སུ་ཡོད་པའི་བོད་མི་བཙན་བྱོལ་བའི་གྲངས་འབོར་ཆིག་འབུམ་ཉིས་ཁྲི་བརྒྱད་སྟོང་ཙམ་ཟིན་གྱི་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པའི་དགོངས་པ་དང་། རྒྱ་གར་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་བཙན་བྱོལ་བོད་མི་རྣམས་རྒྱ་གར་དུ་འབྱོར་བའི་རྗེས་སུ་དུས་ཐོག་གི་རྒྱབ་སྐྱོར་ཐོབ་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་ཡུན་རིང་གཏན་སྡོད་ཀྱི་ཞབས་ཞུ་བསྒྲུབས་ཡོད། ད་བར་རྒྱ་གར་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་གྲངས་ ༥༨ བཙུགས་ནས་བོད་མི་བཙན་བྱོལ་བ་རྣམས་ལ་སྡོད་གནས་དང་འཚོ་ཐབས་མཁོ་སྤྲོད་བྱས་ཡོད། གཞིས་ཆགས་དེ་དག་ནང་སྤྱི་མཐུན་མཉམ་སྦྲེལ་བཙུགས་པ་དང་། ཚོང་ལས་ཆུང་རྩགས་ཀྱི་ཐབས་ལམ་ལ་བརྟེན་གཞིས་ཆགས་ཀྱི་དགོས་མཁོ་བསྐོང་གི་ཡོད། དཔེར་ན། སློབ་ཆུང་དང་། སློབ་འབྲིང་གི་ཤེས་ཡོན་སློབ་སྦྱོང་དང་། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཞབས་ཞུ་སྒྲུབ་ཀྱི་ཡོད། གཞིས་ཆགས་ཁག་ནང་ད་དུང་དགོན་སྡེ་གྲྭ་ཚང་གསར་བཙུགས་ཀྱིས་གཞིས་མི་རྣམས་ལ་མཁོ་བའི་རིག་གཞུང་དང་། བསམ་བློའི་དགོས་མཁོར་རྒྱབ་སྐྱོར་ཞུ་གི་ཡོད་པ་མ་ཟད། ད་དུང་ན་གཞོན་ལོ་ཆུང་རྣམས་ཀྱི་ཆེད་དུ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་གྲྭ་བཙུགས་ནས་མི་རབས་གསར་པ་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་དང་། ལོ་རྒྱུས། ནང་ཆོས་སློབ་འཁྲིད་བྱེད་བཞིན་ཡོད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་གདོང་གཏུགས་བྱེད་དགོས་པའི་གནད་དོན་མང་པོ་ཡོད།
མི་འབོར་མང་དུ་འགྲོ་བ་དང་། མི་འབོར་ཕྱི་ལ་སྤོ་བ། མི་འབོར་ཁ་འཐོར།
བཙན་བྱོལ་བ་གསར་པ་མུ་མཐུད་རྒྱ་གར་ནང་འབྱོར་གྱི་ཡོད་པ་དེ་དག་འཚོ་གནས་བདེ་འཁོད་ཡོང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱིས་ངེས་པར་དུ་གང་ཐུབ་རོགས་རམ་བྱེད་དགོས་ཀྱི་ཡོད། དེ་དང་དུས་མཚུངས་བཙན་བྱོལ་བོད་མི་ཧ་ཅང་མང་པོ་ཞིག་འཛམ་གླིང་ས་གནས་གང་སར་གནས་སྤོ་བྱེད་ཀྱི་ཡོད་པ་དང་། རྒྱ་གར་ནང་གི་གཞིས་ཆགས་གསར་པ་དེ་ཚོ་ཡང་ཁ་འཐོར་ནས་གཞི་རྒྱ་ཆུང་དུ་འགྲོ་གི་ཡོད། དེ་ལྟ་བུའི་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་གཞིས་ཆགས་རྒྱ་བསྐྱེད་ཀྱི་བསམ་བློ་དོན་འཁྱོལ་ཡོང་དཀའ་བ་དང་། བོད་མི་རིགས་ཀྱི་ངོ་བོ་དང་། ནང་པའི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུར་ཡང་ཕན་པ་ཡོང་དཀའ་ཞིང་། མཐའ་ཁོབ་ཏུ་ཡོད་པའི་གཞིས་ཆགས་ཆུང་ཆུང་དེ་ཚོར་སྤྱི་ཚོགས་ཀྱི་འབྲེལ་ལམ་དང་། རིག་གཞུང་ཐོག་བོད་མི་གཞན་དང་ཐག་རིང་དུ་འགྲོ་བའི་དཀའ་ངལ་འཕྲད་བཞིན་ཡོད། གཞིས་ཆགས་ཆུང་ཆུང་དེ་དག་ནང་གི་སྡོད་ཁང་དང་། འཕྲོད་བསྟེན་གྱི་ཆ་རྐྱེན། སྨན་ཁང་གི་མཐུན་རྐྱེན། སློབ་གྲྭ། དེ་བཞིན་དེ་མིན་གྱི་མཐུན་རྐྱེན་བཅས་དཔལ་འབྱོར་དང་། རྨང་གཞིའི་སྒྲིག་བཀོད་ཞན་པའི་དབང་གིས་གཞིས་ཆགས་ལ་འཕྲད་པའི་དཀའ་ངལ་གསར་པར་གདོང་ལེན་བྱེད་རྒྱུ་ཁག་པོ་ཆགས་ཡོད། མིག་སྔའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཕོ་འགྱུར་གསར་པའི་དཀའ་ངལ་འཕྲད་པའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་ཐས་ལམ་གསར་པ་གང་འདྲ་ཞིག་གི་ཐོག་ནས་ཁྱོན་ཡོངས་དང་སྤྱི་ལ་ཁྱབ་པའི་བསམ་གཞིགས་བྱེད་དགོས་པའི་དུས་ལ་བབ་ཡོད།

ཁེར་རྐྱང་གི་དཔལ་འབྱོར་ཡོང་ཁུངས་དང་། ལས་ཤོར་གྱི་གནས་སྟངས།
བཙན་བྱོལ་བོད་མིའི་གཞིས་ཆགས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི། ཞིང་ལས་ཐོན་རྫས་དང་། ལས་ཤེས་བཟོ་ལས་ཐོན་རྫས། དེ་བཞིན་གཞིས་ཆགས་ཉེ་འདབས་ཀྱི་གྲོང་རྡལ་དང་། གྲོང་ཁྱེར་ཆེ་ཁག་ནང་སུད་ཚོང་དང་། བོད་བཟོས་ཐོན་རྫས་ཉོ་ཚོང་བྱེད་ཀྱི་ཡོད་པ་དེ་ཡིན། ཚོང་ལས་དེ་དག་ནི་སྒེར་པ་སོ་སོས་ཁེར་རྐྱང་དུ་གཉེར་གྱི་ཡོད་པ་ལས། སྒྲིག་འཛུགས་དང་འཆར་གཞི་ཆེན་པོའི་སྒོ་ནས་ཚོང་གཉེར་བྱེད་ཀྱི་མེད། ལས་ཀ་ཐོབ་རྒྱུའི་གོ་སྐབས་འདང་ངེས་མེད་པ་དང་། སྣེ་མང་གི་དཔལ་འབྱོར་ཉོ་ཚོང་མེད་པར་བརྟེན་ལས་མེད་མི་སྣ་ཧ་ཅང་གི་མང་། དེ་འདྲའི་གནས་སྟངས་འོག་བཙན་བྱོལ་བ་མང་པོ་ཞིག་གཞིས་ཆགས་ཕྱི་ལ་ཡོང་འབབ་མཐོ་བའི་ལས་ཀ་འཚོལ་བར་འགྲོ་གི་ཡོད། གཞིས་ཆགས་ཕྱི་ལོག་གི་དཔལ་འབྱོར་ཡོང་འབབ་ནི་གཞིས་ཆགས་ཀྱི་འཚོ་བ་རྒྱུན་འཁྱོངས་བྱེད་པའི་རྨང་གཞི་ཆགས་ཡོད། ཡུན་རིང་ནས་བཟུང་གཞིས་ཆགས་ཆེ་ཁག་ནས་མུ་མཐུད་མི་འབོར་ཕྱི་ལ་ཤོར་ཚད་ནི་ཧ་ལམ་བརྒྱ་ཆ་བཅུ་རེད། གཞིས་ཆགས་ཕྱི་ལོག་ལ་འགྲོ་མཁན་དེ་ཚོས་གནས་སྐབས་སམ་ཡང་ན་ཡུན་རིང་གྲོང་ཁྱེར་ཆེ་ཁག་ནང་བསྡད་ནས་ལས་ཀའི་གོ་སྐབས་འཚོལ་རྒྱུའི་བདམས་ཁ་བྱེད་ཀྱི་ཡོད།

དེར་བརྟེན་སྤྱི་ཚོགས་ཀྱི་དཔལ་འབྱོར་གོང་སྤེལ་དང་། ལས་ཀ་གཏོད་པའི་ཐབས་ལམ་གསར་པ་སྐྲུན་ཐབས། མི་ཤུགས་དང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་ནས་གཞིས་ཆགས་སྲ་བརྟན་གྱི་ལམ་ལུགས་ལ་ཕན་པ་སྒྲུབ་རྒྱུ་སོགས་ཀྱི་ཆེད་བོད་ཀྱི་ཐེབས་རྩས་གཞིས་ཆགས་སྲ་བརྟན་གྱི་ཁྱོན་ཡོངས་ཀྱི་ལས་གཞིར་རྒྱབ་སྐྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་གི་ཡོད།

 བོད་མིའི་ཆེད་མཁས་མི་སྣ་མ་འདང་པ།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆེད་མཁས་མི་སྣ་མ་འདང་པའི་གནས་སྟངས་ཤུགས་ཆེ་བ་དང་། ལྷག་པར་དུ་འཕྲོད་བསྟེན་སྨན་བཅོས་དང་། ཆ་འཕྲིན་ལག་རྩལ། འཛུགས་སྐྲུན་འཆར་འགོད། དེ་བཞིན་ཆེད་མཁས་ཉམས་ཞིབ་ཐོག་གི་ཆེད་ལས་མི་སྣ་འདང་གི་མེད། སློབ་གྲྭ་ཆེན་མོའི་སློབ་ཡོན་མཐོ་བ་དང་། སློབ་ཡོན་ཐོབ་པའི་གོ་སྐབས་ཉུང་བ། བོད་རིགས་སློབ་ཕྲུག་རྣམས་རྒྱ་གར་ནང་གི་འགྲན་རྩོད་ཆེ་བའི་ཚད་ལྡན་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ནང་སློབ་ཐོན་ལག་འཁྱེར་ཐོབ་ཐབས་མེད། དེར་བརྟེན་བོད་ཀྱི་ཐེབས་རྩས་སྲིད་སྐྱོང་སློབ་ཡོན་གྱི་འཆར་གཞི་བཟོས་ཏེ་སྤུས་ཚད་ལེགས་པའི་བོད་རིགས་སློབ་ཕྲུག་རྣམས་རྒྱ་གར་ནང་གི་སློབ་ཆེན་ལེགས་གྲས་སུ་སློབ་སྦྱོང་གིས་ལག་འཁྱེར་ཐོབ་ཐབས་བྱེད་ཀྱི་ཡོད། ང་ཚོའི་ཕུགས་ཀྱི་དམིགས་ཚད་ནི་བོད་ཀྱི་ཆེད་མཁས་མི་སྣ་གང་མང་གསོ་སྐྱོང་བྱས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་རང་ཁ་རང་གསོ་བྱེད་པའི་ནུས་པ་མཐོ་རུ་གཏོང་རྒྱུ་དེ་ཡིན།

རྙོག་འཛིང་ཆེ་བའི་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་གནས་སྟངས།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཞན་པ་དང་། ཐོན་ཁུངས་དཀོན་པ་མ་ཟད། སྨན་བཅོས་འཕྲོད་བསྟེན་ཐོག་གི་བོད་མི་ཆེས་མཁས་པ་ཧ་ཅང་ཉུང་བའི་གནས་སྟངས་འོག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་རྗེས་ལུས་ཡིན་པ་དང་། ནད་ཡམས་སྔོན་འགོག་དང་། སྨན་བཅོས་འཕྲོད་སྲུང་གི་ཤེས་བྱ་མ་འདང་བའི་རྐྱེན་གྱིས་སྨན་བཅོས་ཞབས་ཞུ་དང་། འཐུང་ཆུ་དང་འཕྲོད་བསྟེན་སྒྲིག་ཆས་མཐུན་རྐྱེན་ཐོབ་རྒྱུའི་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན། གོང་ཞུས་རྒྱུ་མཚན་རྣམས་ཕྱོགས་གཅིག་ཏུ་བསྡུས་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་དང་། ལྷག་པར་དུ་ཐག་རིང་ཁུག་ཀྱོག་དུ་ཡོད་པའི་བོད་མི་བཙན་བྱོལ་བ་རྣམས་ཀྱི་ནད་ཡམས་སྔོན་འགོག་གི་ནུས་པ་ཧ་ཅང་སྐྱོ་པོ་ཡིན།

བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་ཆུ་ཚད་ལ་ཡར་རྒྱས་གཏོང་རྒྱུའི་ཆེད་བོད་ཀྱི་ཐེབས་རྩས་མ་དངུལ་བཏང་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མིའི་ཐོན་ཁུངས་ཀྱི་ནུས་པ་དང་། ཕྱི་ལ་འབྲེལ་བ་བྱེད་པའི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་ཤུགས་སྣོན་རྒྱག་གི་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོ་གཏན་འཁེལ་བྱུང་རྗེས། ང་ཚོ་བོད་ཀྱི་ཐེབས་རྩས་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མཉམ་ལས་བྱས་ནས་གློ་ནད་ཀྱི་ནད་གཞི་ཁྱབ་ཆེ་རུ་འགྲོ་བའི་ཉེན་ཁ་ཐག་གཅོད་བྱེད་ཐུབ་ཡོད་པ་དང་། དཔལ་འབྱོར་ཆ་རྐྱེན་ཞན་པའི་ས་ཁུལ་གྱི་བུད་མེད་མི་འབོར་གྱི་སྨན་བཅོས་འཕྲོད་བསྟེན་སྲུང་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་བཏང་ཐུབ་པ། བཙན་བྱོལ་སྤྱི་ཚོགས་ཀྱི་འཕྲོད་བསྟེན་སློབ་གསོར་ཤུགས་སྣོན་ཐེབས་པ། དེའི་ཐོག་ནས་འཕྲོད་བསྟེན་གྱི་སྒྲིག་བཀོད་མཐུན་རྐྱེན་ཡར་རྒྱས་གཏོང་ཐུབ་པ་དང་། འཐུང་ཆུའི་བདེ་འཇགས་འགན་སྲུང་ཐུབ་པ་བྱུང་ཡོད།

ཉམས་ཐག་བོད་མིར་དོ་སྣང་།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཉམས་ཐག་(བགྲེས་སོང་དང་། དབུལ་ཕོངས། དབང་པོ་སྐྱོན་ཅན་ཚུད།)པའི་འཚོ་བ་འགན་སྲུང་བྱེད་ཆེད། ང་ཚོས་རོགས་སྐྱོར་ལམ་ལུགས་དང་། འཚོ་གནས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་ཀྱི་ཡོད། དེང་སྐབས་བཙན་བྱོལ་བོད་མི་བརྒྱ་ཆ་ ༢༥ ཡི་འཚོ་བའི་གནས་སྟངས་སྔར་བཞིན་ཞན་པོ་ཡིན། དར་མ་རྣམས་གཞིས་ཆགས་ནང་མ་བསྡད་པར་ཕྱི་ལ་བསྐྱོད་ནས་ལས་ཀ་ཡག་ཙམ་ཐོབ་ཐབས་བྱེད་པ་དང་། ཁྱིམ་ཚང་ཆུང་གྲས་ཀྱི་གྲངས་འབོར་རིམ་བཞིན་འཕར་འགྲོ་གི་ཡོད། དེ་མིན། རྗེས་ལུས་ཀྱི་དཔལ་འབྱོར་ཆུ་ཚད་དང་། སྨན་བཅོས་མཐུན་རྐྱེན། དེ་བཞིན་འགྲོ་ལམ་གྱི་ཆ་རྐྱེན་སོགས་སྟབས་བདེ་མེད་པའི་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་གཞིས་ཆགས་ནང་གི་ཉམས་ཐག་པ་རྣམས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་། སྨན་བཅོས་ཀྱི་རོགས་རམ་ཐོབ་རྒྱུ་ཁག་པོ་ཆགས་ཡོད།

བོད་ཀྱི་ཐེབས་རྩས་རྒྱ་གར་དང་བལ་ཡུལ་ནང་གི་རྒས་གསོ་ཁང་དང་། དབང་པོ་སྐྱོན་ཅན་བསྟི་གནས་ཁང་ཁག་ལ་རོགས་རམ་བྱེད་ཀྱི་ཡོད། དཔེར་ན། སྤྱིར་བཏང་གི་འགྲོ་སོང་རྩིས་འགྲོ་གཏོང་རྒྱུ་དང་། སྡོད་ཁང་གི་སྒྲིག་ཆས་མཐུན་རྐྱེན་གསར་བཅོས་བྱེད་རྒྱུ། ལས་འཆར་ལ་རོགས་རམ་བྱེད་རྒྱུ་བཅས་ཚུད་ཡོད། ང་ཚོས་ཉམས་ཐག་པ་རྣམས་ལ་རོགས་རམ་བྱེད་བཞིན་པར་མུ་མཐུད་ཤུགས་སྣོན་རྒྱབ་པ་ཕུད། ད་དུང་འཕྲོད་བསྟེན་ལུས་གསོ་དང་། ལམ་ལུགས་རྣམས་དེང་རབས་ཆེད་ལས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཏུ་བཟོ་ཐབས་བྱེད་དགོས་ཀྱི་ཡོད།

དྲྭ་ཐོག་ཞལ་འདེབས།

ངས་གཤམ་དུ་བདམས་པའི་གྲངས་འབོར་ཞལ་འདེབས་འབུལ་འདོད་ཡོད།

ངས་གཤམ་དུ་བདམས་པའི་ལས་འཆར་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

 
 

Continue to
མུ་མཐུད་སྣོན།

སྦྲག་ཐོག་ཞལ་འདེབས།

ཕོམ་ཤོག་བཀང་ནས་དངུལ་འཛིན་དང་མཉམ་དུ་སྦྲག་ཐོག་གཏོང་དགོས།

ཕོམ་ཤོག་ཕབ་ལེན་བྱེད་དགོས།

Please help by selecting one of the payment options on the top to make your tax-deductible donation in support of this program