༄༅།།  ཨ་རི་བོད་ཀྱི་ཐེབས་རྩ་བཙུགས་ནས་ལོ་ ༣༥ འཁོར་བའི་ལས་བསྡོམས་སྙིང་བསྡུས་ཐེབས་རྩའི་དྲྭ་མཛོད་ཐོག་འདོན་སྤེལ་ཞུས་པའི་ནང།   རྒྱ་བལ་འབྲུག་གསུམ་དུ་བོད་མིའི་གཞིས་སྒར་དང་།  སློབ་གྲྭ  དགོན་པ་གྲྭ་ཚང་།  སྨན་ཁང་།  དེ་བཞིན་བོད་དུའང་གཙོ་བོ་ཤེས་རིག་དང་འཕྲོད་བསྟེན་ཆེད་རོགས་རམ་མིག་སྨན་མིག་ཐོག་ཏུ་བཏང་པའི་དཔེ་མཚོན་བོད་ཡིག་ཏུ་ཕབས་བསྒྱུར་ཞུས་པ་གཤམ་གསལ།

) ཤེས་རིག་དང་འབྲེལ་བའི་ལས་དོན།

  1. ༡༩༨༨ ནས་ ༢༠༡༧ བར་ལོ་སུམ་ཅུའི་ནང་ཨ་རི་གཞུང་ནས་ཆེས་མཐོའི་སློབ་ཡོན་ཆེད་རོགས་དངུལ་ཨ་སྒོར་ས་ཡ་ ༡༦ ལྷག་ཙམ་བྱུང་ཐོག་ནས་རྒྱ་གར་དང་། བལ་ཡུལ་ནས་ཤེས་ཚད་དྲག་གྲས་སློབ་མ་འདེམས་བསྒྲུགས་ཐེངས་ ༣༢ བྱས་པའི་ཁོངས་སུ་སྔ་རྗེས་བསྡོམས་སློབ་ཕྲུག་ ༤༥༤ ལ་ཨ་རིའི་གཙུག་ལག་སློབ་གྲྭ་ཁག་ཏུ་ཆེས་མཐོའི་ཤེས་ཡོན་གྱི་གོ་སྐབས་སྐྲུན་ཐུབ་པ་བྱུང་ཡོད།
  2. ༡༩༩༡ ལོར་ཤེས་རིག་ལས་ཁུངས་སུ་བུད་མེད་རྐྱང་པའི་ཆེས་མཐོའི་སློབ་ཡོན་ཆེད་ཨ་སྒོར་$༢༥,༠༠༠། ཐེབས་རྩ་བཙུགས་པ་ལ་བརྟེན་ནས་བུད་མེད་གྲངས་ ༤༤ རྒྱ་གར་ནང་གི་མཐོ་སློབ་ཁག་ལ་འཛུལ་ཞུགས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་སྐྲུན་ཡོད།
  3. ༡༩༩༡ ལོར་དྷ་ས་མེག་ལོར་གྷན་ཇིར་སློབ་གྲྭ་གསར་རྒྱག་ཆེད་ཨ་སྒོར་ $༢༠,༠༠༠། དང་། གངས་སྐྱིད་ཉིན་མོའི་སློབ་གྲྭའི་འཛིན་ཁང་གསར་རྒྱག་ཆེད་ཨ་སྒོར་$༣༥,༠༠༠། དེ་བཞིན་བོད་ནས་གསར་དུ་འབྱོར་བའི་སློབ་ཕྲུག་ལ་སྦྱིན་བདག་འཚོལ་ཡུན་རིང་གི་འགྲོ་གྲོན་ཆེད་ཨ་སྒོར་ ༢༠,༠༠༠། བཅས་ཁྱོན་བསྡོམས་རོགས་དངུལ་ཨ་སྒོར་ $༧༥,༠༠།༠ དྷ་ས་བོད་ཕྲུག་ཁྱིམ་སྡེར་ཕུལ་བ་དོན་ཕན་ལྡན་པ་བྱུང་ཡོད།
  4. ༡༩༩༧།༩༨།༩༩ ལོ་སོ་སོར་བཀའ་ཤག་བཀའ་འབྲེལ་བོད་ནས་གསར་དུ་འབྱོར་བའི་ན་གཞོན་དགུ་ཡི་ཆེད་ཨ་སྒོར་ཆིག་འབུམ་ $༡༠༠,༠༠༠། ལྷག་ཙམ་འགྲོ་གྲོན་བཏང་སྟེ་ཨ་རིའི་ (Rockland Community College, NY) རོཀ་ལེནཌི་ཀོ་མུ་ནི་ཊི་ཀོ་ལེ་ཇི་སློབ་གྲྭ་ཆེ་མོར་བཏང་ཐུབ་པ་བྱུང་པ་འདིས་ན་གཞོན་དེ་ཚོའི་མ་འོངས་མདུན་ལམ་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད།
  5. བཀའ་འབྲེལ་བོད་གཞུང་ནས་བཙན་བྱོལ་བོད་མིིའི་ཁོངས་སུ་སྐྱིད་སྡུག་གནས་སྟངས་ཞིབ་འཇུག་གནང་པའི་མཐའ་དོན་བོད་མིའི་སྡོད་སྒར་ཁྱོན་ཡོངས་སུ་ཛ་དྲག་དཀའ་ངལ་ཡོད་པའི་ཁྱིམ་དུད་ཀྱི་ཕྲུ་གུ་ ༡༤༤༥ ཡོད་ཁོངས་ནས་ ༤༤༢ ཀྱི་རོགས་རམ་ཤེས་རིག་ལྷན་ནས་འགན་ཁུར་གནང་དགོས་པར་མཐུན་འགྱུར་དགོས་ཕེབས་ནན་སྐུལ་བཞིན་བལ་ཡུལ་ཁུལ་དུ་ཡོད་པའི་ཕྲུག་གྲངས་ ༡༢༧ ཆེད་རོགས་རམ་འབུལ་ཐེངས་དང་པོར་ཨ་སྒོར་ ༡༨,༧༨༨།༥༧ དང། གཉིས་པར་ཨ་སྒོར་ ༡༨,༧༨༨།༥༧  བཅས་བསྡོམས་ཨ་སྒོར་ ༣༧,༥༧༧།༡༤ ཕུལ་བ་དོན་ཕན་ལྡན་པ་བྱུང་ཡོད།
  6. བོད་ནས་གསར་འབྱོར་ན་གཞོན་རྣམས་ཀྱི་ཆེད་བྷིར་གཞིས་ཆགས་ཀྱི་ཉེ་འཁྲིས་སུ་གསོག་སྒར་སློབ་གྲྭ་ཐོག་མར་གསར་འཛུགས་སྐབས་རོགས་ཚོགས་སྒེར་ལ་འབོད་སྐུལ་གྱིས་ཨ་སྒོར་ཁྲི་གཅིག་$༡༠,༠༠༠། རོགས་རམ་ཕུལ་ཡོད།

བྷིར་གསོག་སྒར་སློབ་གྲྭ་དྷ་ཤོད་ལ་གནས་སྤོས་རྗེས་དཔེ་མཛོད་ཁང་གི་ཆེད་དུ་ཨ་སྒོར་ $༥,༠༠༠།

དང། སྐད་ཡིག་དང་།  ལས་ཀའི་སྦྱོང་བདར་གྱི་ལས་འཆར་ language and job training program ཆེད་དུ་ཨ་སྒོར་ ༡༤,༠༠༠ ཕུལ་བ་མ་ཟད། ཨ་རི་གཞུང་ནས་གསོག་སྒར་སློབ་གྲྭ་དང་།  བྷིར་སཱུ་ཇ་སློབ་གྲྭའི་བུ་ཕྲུག་རྒན་པའི་སྡེ་ཚན། མ་སུ་རི་བོད་ཁྱིམ་བཅས་པར་ལོ་མང་རོགས་རམ་འབོར་ཆེན་གནང་པའི་ལས་གཞིའི་འཛིན་སྐྱོང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་དུ་འཐུས་ཤོར་མེད་པར་ཞུས་ཡོད།

  1. ཤེས་རིག་ལྷན་ཁང་དང། དྷ་ས་བུ་ཁྱིམ།  མ་སུ་རི་བུ་ཁྱིམ།  མངོན་དགའ་དབང་པོ་སྐྱོན་ཅན་སློབ་གྲྭ  བལ་ཡུལ་བཅས་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཉམས་ཐག་རྣམས་ལ་སློན་ཡོན་སྦྱིན་བདག་(sponsorship) འཚལ་ཏེ་ ༡༩༩༩ ནས ༢༠༡༦ བར་ཨ་སྒོར་ས་ཡ་བཞི་དང་འབུམ་གསུམ་3 million ཁུངས་སོ་སོར་བཏང་ཐུབ་པ་བྱུང་ཡོད།
  2. ༧གོང་ས་མཆོག་གི་བཀའ་འབྲེལ་ ༢༠༠༤ ལོར་ཤེས་རིག་ལྷན་ཁང་དུ་རིག་གཅིག་རྐང་འཛིན་སློབ་ཡོན་ཆེད་ཨ་སྒོར་ ༡༠,༠༠༠། ཕུལ་ཡོད།
  3. ༡༩༩༩།༢༠༠༠ ལོར་ཐེབས་རྩ་སྒེར་གྱི་རོགས་རམ་ཨ་སྒོར་འབུམ་གཅིག་ ($༡༠༠,༠༠༠) ཐབས་འཚོལ་ཞུས་ཏེ་རྒྱ་གར་དང་བལ་ཡུལ་སོ་སོར་ཡོད་པའི་བོད་པའི་སློབ་གྲྭ་ ༡༡ ནང་ཀམ་པུ་ཊར་འཛིན་གྲྭ་གསར་འཛུགས་ཞུས་པ་མ་ཟད། དེ་རྗེས་བལ་ཡུལ་སྤོག་ར་གཞིས་ཆགས་ཀྱི་སློབ་གྲྭ་གཉིས་ལའང་ཀམ་པུ་ཊར་འཛིན་གྲྭའི་ཆེད་ཨ་སྒོར་ $༨,༠༠༠། བཏང་ཐུབ་པ་བྱུང་ཡོད།
  4. ཉེ་བའི་ཆར་རྒྱ་གར་དང་བལ་ཡུལ་ནང་རང་རེའི་སློབ་གྲྭ་དྲུག་གི་ནང་ཉི་འོད་ཀྱི་གློག་ཤུགས་ Solar lighting system གསར་འཛུགས་ཆེད་རོགས་དངུལ་ཨ་སྒོར་ཁྲི་བཞི་ $༤༠,༠༠༠། ཐབས་འཚོལ་ཞུས་ཡོད།
  5. ༢༠༠༩ ལོར་ཤེས་རིག་ལྷན་ཁང་དང་ཟུང་སྦྲེལ་གྱིས་རྒྱ་གར་དང་བལ་ཡུལ་ནང་མཐོ་སློབ་ཏུ་འགྲོ་བཞིན་པའི་སློབ་ཕྲུག་མང་པོར་སློབ་ཡོན་འདེང་ངེས་མེད་པའི་དཀའ་སེལ་ཆེད་Professional Scholarship Program ཞེས་པའི་ཆེད་ལས་སློབ་ཡོན་ལས་གཞི་གསར་འཛུགས་ཀྱིས་ལོ་བརྒྱད་ནང་ཁྱོན་བསྡོམས་ཨ་སྒོར་ $༢༢༠,༠༠༠། ཉིས་འབུམ་ཉིས་ཁྲི་ཉིས་སྟོང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་སུ་ཕུལ་ཏེ་ད་ཕན་སློབ་ཕྲུག་ ༥༠ ཙམ་སློབ་སྦྱོང་མཐའ་འཁྱོལ་ཐུབ་པ་བྱུང་ཡོད།
  6. སྲིད་སྐྱོང་གི་ཆེད་ལས་སློབ་ཡོན་ལས་གཞིའི་སློབ་ཕྲུག་ ༢༥ ལ་ ༢༠༡༧ ལོའི་སློབ་ཡོན་རོགས་སྐྱོར་ཨ་སྒོར་༥༥,༤༦༥།༠༠ བཏང་ཡོད།
  7. ༢༠༡༡ ལོར་པོན་ཌ་སྃ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་ཕོ་མོའི་ཉལ་ཁང་སོ་སོར་ཉི་འོད་ཀྱི་ཆུ་ཚ་པོ་བཟོ་རྒྱུའི་ཆ་རྐྱེན་ Solar Heating System གསར་འཛུགས་ཆེད་ཨ་སྒོར་ $༡༠,༠༠༠། རོགས་རམ་བྱས་ཡོད།
  8. ༢༠༠༡ ལོར་བལ་ཡུལ་སྲོང་བཙན་བལ་བཟའ་སློབ་གྲྭར་ཉིན་མོའི་སློབ་ཕྲུག་ཕར་ཕྱིར་སྐྱེལ་འདྲེན་ཆེད་འགྲུལ་སྐྱེལ་སྣུམ་འཁོར་གསར་ཉོའི་རོགས་རམ་ཨ་སྒོར་ $༢༠,༠༠༠། དང་། གོང་བཞིན་ ༢༠༡༦ ལོར་རྣམ་རྒྱལ་འབྲིང་རིམ་སློབ་གྲྭར་སྣུམ་འཁོར་ཆེ་ལེགས་ཤིག་ཉོ་ཐུབ་པ་བྱུང་ཡོད།
  9. དྷ་ས་དཔེ་སྟོན་སློབ་གྲྭ་གསར་འཛུགས་ཁང་པ་ཉམས་གསོའི་ཆེད་དུ་ཨ་སྒོར་ཁྲི་གཅིག་($༡༠,༠༠༠) དང་། བལ་ཡུལ་ཧེ་ལི་ཊར་བྱམས་པ་གླིང་སློབ་གྲྭའི་དགེ་རྒན་བཞུགས་ཤག་གསར་རྒྱག་ཆེད་ཨ་སྒོར་ ༢༡,༠༠༠ རོགས་རམ་ཞུས་ཡོད།
  10. མ་ན་ལི་སློབ་གྲྭར་ཆུ་རུད་ཉེན་སྲུང་ཆུ་རགས་ཆེད་ཨ་སྒོར་ ༤,༠༠༠། དང་། ཤི་ལོང་སློབ་གྲྭར་གསང་སྤྱོད་གསར་རྒྱག་ཆེད་ཨ་སྒོར་ ༥,༠༠༠ ཨང་རྩིས་དགེ་རྒན་ཟབ་སྦྱོང་ཆེད་ཨ་སྒོར་ ༥༥༩༢། བཅསབསྡོམས་ཨ་སྒོར་ ༡༤,༥༩༢། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་སུ་ཕུལ་ཡོད།
  11. བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཟབ་སྦྱོང་ཆེད་ Shelley and Donald Rubin Foundation ཐེབས་རྩ་ཁང་ལ་ཞུ་སྐུལ་གྱིས་ ༢༠༡༠ ལོར་ཨ་སྒོར་ ༩,༠༩༤། དང། ༢༠༡༡ ལོར་ཨ་སྒོར་ ༡༨,༠༥༩། ཕྱི་ལོ་༢༠༡༢ ལོར་ཨ་སྒོར་ ༡༡,༦༤༠། ཕྱི་ལོ་ ༢༠༡༤ ལོར་ཨ་སྒོར་ ༡༡༦༤༠། བཅས་ཁྱོན་བསྡོམས་ཟབ་སྦྱོང་སྔ་རྗེས་བཞི་ལ་ཨ་སྒོར་ ༥༡,༢༤༡། རོགས་རམ་ཕུལ་ཐུབ་པ་བྱུང་ཡོད།
  12. ༢༠༡༥ ལོར་མ་སུ་རི་བུ་ཁྱིམ་ལ་ཐུང་ཆུ་མ་འདེང་པའི་དཀའ་སེལ་ཆེད་ཨ་སྒོར་ ༢༠,༠༠༠། ཕུལ་ཏེ་བུ་ཕྲུག་ ༦༧༧ ལ་ཐད་ཀར་ཕན་ཐོགས་ཐུབ་པ་བྱུང་ཡོད།
  13. ༢༠༡༧ ལོར་བྱང་ཨ་རིའི་ཁྱབ་ཁོངས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ ༡༧ ལ་དབྱར་ཁའི་རིང་བོད་ཕྲུག་རྣམས་ལ་དམིགས་ནས་བོད་ཡིག་འབྲི་ཀློག་དང་། ནང་ཆོས་ངོ་སྤྲོད། གླུ་གཞས་འཁྲབ་སྦྱོང་སོགས་ཀྱི་བྱེད་སྒོ་གྲ་སྒྲིག་ཆེད་ཚོགས་པ་རེར་ཨ་སྒོར་ ༢,༠༠༠། རེ་རྩིས་ཁྱོན་ཨ་སྒོར་ $༣༤,༠༠༠། རོགས་རམ་ཕུལ་ཡོད།
  14. གོང་བཞིན་ ༢༠༡༧ ལོར་བྱང་ཨ་རིར་གནས་འཁོད་བོད་ཕྲུག་ལོ་ན་ ༦ ནས་ ༡༢ དང་། ༡༣ ནས་ ༡༨ བར་སྡེ་ཁག་གཉིས་ཀྱི་ནང། དྲྭ་རྒྱའི་ལམ་ནས་བོད་ཡིག་ཀློག་རྩལ་འགྲན་བསྡུར་གོ་སྒྲིག་ཞུས་པར་སློབ་ཕྲུག་ ༡༥༢ ནས་ཆ་ཤས་ལེན་པ་ལྟར། བོད་ཀྱི་ཐེབས་རྩ་ནས་ཨ་སྒོར་ ༥,༠༠༠། འགྲོ་གྲོན་བཏང་སྟེ། ཀློག་རྩལ་ལེགས་ཤོས་བཅུ་དང་། མཐུན་འགྱུར་ཚགས་ཚུད་ཆེ་ཤོས་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ལ་བྱ་དགའ་ཕུལ་ཡོད།
  15. རིགས་ན་གཞོན་ཚོར་དབྱར་སེང་སྟབས་བསྟུན་ཆོས་དང་འཇིག་རྟེན་གཉིས་ཀར་ངེས་པར་མཁོ་བ་ལུགས་ཀྱི་བསྟན་བཅོས་ཐོག་ནས་ནང་ཆོས་ངོ་སྤྲོད་དང་། དབུགས་འབྱིན་རྔུབ་ལ་དམིགས་ནས་བློ་ཞི་ལྷོད་ཡོང་ཐབས།  ཞལ་འདོན་དང་སྐྱབས་འགྲོ་སེམས་བསྐྱེད།   རྒྱལ་རབས་དང་ཆོས་འབྱུང་ངོ་སྤྲོད།  བོད་ཡིག་འབྲི་ཀློག་སློབ་རྒྱུ་བཅས་ཀྱི་ཆེད་མདོ་སྔགས་ཀུན་ཕན་གླིང་དང་།  བོད་ཀྱི་ཐེབས་རྩ།  Online Tibetan Education (OTE) དྲྭ་ལམ་ནས་བོད་ཀྱི་ཆོས་རིག་སློབ་ཁྲིད་ཚོགས་པ་བཅས་ཟུང་སྦྲེལ་གྱིས་ ༢༠༡༤ ནས་འགོ་བཙུགས་ཏེ་འཆར་ཅན་ཕྱི་ཟླ་བརྒྱད་པའི་ནང་བདུན་ཕྲག་གཅིག་གི་རིང་མདོ་སྔགས་ཀུན་ཕན་གླིང་དུ་དབེན་གནས་ཟབ་སྦྱོང་ཚུགས་པར་ཆ་སྙོམས་ལོ་ལྟར་བོད་རིགས་ན་གཞོན་ ༡༥ ནས་ ༢༣ བར་མཉམ་ཞུགས་བྱས་ཡོད་པ་འདིས་རང་རིགས་གཞོན་སྐྱེས་ཀྱི་བརྒྱུད་ལ་བོད་མི་རིགས་ཀྱི་གཤིས་སྤྱོད་བཟང་པོ་འཇགས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད།
  16. གོང་བཞིན་དབྱར་སེང་སྟབས་བསྟུན་ནུབ་ཕྱོགས་སུ་སྐྱེས་པའི་བོད་རིགས་ན་གཞོན་རྣམས་ཀྱི་ཆེད་སཱ་ར་བོད་ཀྱི་མཐོ་སློབ་དང་ཟུང་སྦྲེལ་གྱིས་ཟླ་གཅིག་རིང་ཞལ་འདོན་དང་། སྐྱབས་འགྲོ་སེམས་བསྐྱེད།  རྒྱལ་རབས་དང་ཆོས་འབྱུང་ངོ་སྤྲོད། བོད་ཡིག་འབྲི་ཀློག་སོགས་ཀྱི་ཆེད་དམིགས་བསལ་གོ་སྐབས་སྐྲུན་པའི་ཐོག་བུ་ཕྲུག་ཁྱིམ་སྡེ་དང།  དཔེ་མཛོད་ཁང།  སྨན་རྩིས་ཁང་། ནོར་བུ་གླིང་ཁ་བཅས་པར་བལྟ་སྐོར་དང།  བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་མ་ལག་དང་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་པའི་ངོ་སྤྲོད།  དེ་བཞིན་མཚོ་པདྨར་གནས་མཇལ་དང་།  མཛད་སེང་སྟབས་བསྟུན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱལ་དབང་ཀརྨ་པ་རིན་པོ་ཆེའི་མཇལ་ཁ་ཡང་གོ་སྒྲིག་ཞུས་ཏེ།  ད་ཕན་ལོ་ངོ་འགའ་ཤས་རིང་རང་རིགས་ན་གཞོན་མང་པོས་རང་གི་སྐད་ཡིག་ལ་དགའ་ཞེན་དང་།  ཕ་མེས་ཀྱི་རིག་གཞུང་ལ་སྤོབས་པ་སྐྱེ་བའི་ཕན་རླབས་ཆེན་པོ་བྱུང་ཡོད།
  17. མ་སུ་རི་བུ་ཁྱིམ་ཁྱབས་ཁོངས་རཱཇ་པུར་སློབ་གྲྭའི་རྩེ་ཐང་འཁོས་སྙོམ་གསར་བཟོའི་ཆེད་ཕྱི་ལོ་ ༢༠༡༧ ལོར་ཨ་སྒོར་ ༡༥,༠༠༠། བཏང་ཡོད།
  18. སྐུ་ཞབས་ཝི་ཇེ་ཀརན་ཏི་ནས་བྱིས་པའི་ཆེད་དུ་བྲིས་པའི་༧གོང་ས་མཆོག་གི་མཛད་རྣམ་པར་སྐྲུན་ཆེད་ཨ་སྒོར་ ༥,༠༠༠། དང་། རྒྱ་གར་དང་ཨ་རི་སོ་སོའི་ནང་ཕྲུ་གུའི་སྒྲུང་དེབ་སྣ་ཚོགས་པར་སྐྲུན་རོགས་རམ་རྩག་རྩིག་སྒོར་ ༦,༠༠༠། བཅས་བསྡོམ་ཨ་སྒོར་ ༡༡,༠༠༠། འགྲོ་འགྲོན་བཏང་པར་ཕན་ཐོགས་བྱུང་ཡོད།
  19. བོད་ཀྱི་ཐེབས་རྩ་ནས་བོད་མིའི་སྤྱི་དམངས་ཚོགས་པ་ཁག་གི་ནུས་སྟོབས་གོང་སྤེལ་ལ་སྨན་པའི་རོགས་སྐྱོར་ཞུ་བཞིན་པའི་ལས་འཆར་འོག་ ༢༠༡༧ ལོར་ ( འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཚོགས་པར་ཨ་སྒོར་ ༡༦,༥༠༠།༠༠ ཕུལ་ཡོད།
  20. ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པར་ ༢༠༠༩ ལོར་ཀམ་པུ་ཊར་ཉོ་ཆེད་ཨ་སྒོར་ ༥,༠༠༦།༤༠

༢༠༡༤ ལོར་སློབ་གྲྭ་སོགས་བོད་མིའི་སྡོད་སྒར་ཁག་ལ་ཐུང་ཆུ་གཙང་མ་མཁོ་སྤྲོད་ཀྱི་ཡོ་ཆས་གསར་ཉོའི་ཆེད་ཨ་སྒོར་ ༦༡༩༤།  སློབ་ཕྲུག་གི་ཁོངས་ནས་སྒྲུང་དེབ་ཀློག་རྩལ་འགྲན་སྡུར་ཆེད་༢༠༡༧ ལོར་ཨ་སྒོར་ ༣༠༠༠། ཉམས་ཐག་ལ་ཟ་བཅའ་བགོས་སྤྲོད་ཆེད་སྒོར་ ༣,༠༠༠། བཅས་རོགས་རམ་ཞུ་ཐུབ་པ་བྱུང་ཡོད།

  1. ལྡི་ལི་མན་ཇུནུ་ཊི་ལའི་སློབ་གྲྭ་གསར་རྒྱག་འཛིན་ཁང་གཉིས་ཀྱི་འགྲོ་གྲོན་ཆེད་ཨ་སྒོར་༡༠,༠༠༠། བཏང་ཡོད།
  2. ༢༠༡༥ ལོར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པར་སྤྱི་ཚོགས་ནང་མང་གཙོའི་གོ་དོན་ཁྱབ་སྤེལ་ཆེད་ཨ་སྒོར་༥,༠༠༠། རོགས་རམ་ཕུལ།

) ཆོས་དང་རིག་གཞུང་གི་ཆེད་དུ་རོགས་རམ།

  1. ད་ཕན་ལོ་ ༢༠ ལྷག་ཙམ་རིང་གྲ་བཙུན་བརྒྱ་ཕྲག་འགའ་ཤས་ལ་སྦྱིན་བདག་བཙལ་སྟེ་ལོ་ལྟར་རོགས་དངུལ་གཏོང་བཞིན་པ་མ་ཟད། ལོ་མང་ཨ་རི་གཞུང་གི་རོགས་སྐྱོར་འོག་བོད་ནས་གསར་འབྱོར་གྲ་བཙུན་བརྒྱ་ཕྲག་འགའ་ཤས་ལ་སློབ་ཡོན་རོགས་རམ་ཕུལ་ཐུབ་བ་བྱུང་ཡོད།
  2. ༡༩༩༡ ལོར་བོད་ནས་གསར་དུ་འབྱོར་བའི་གྲ་བཙུན་རྣམས་ཀྱི་ཆེད་ཆོས་རིག་ལས་ཁུངས་ལ་ཨ་སྒོར་ ༨༠,༠༠༠། ཁྲི་བརྒྱད་རོགས་རམ་ཕུལ་བ་འདི་ཐོག་ནས་བཙུན་དགོན་སྒྲོལ་མ་གླིང་གསར་རྒྱག་

འགྲོ་གྲོན་ཐོག་ཨ་སྒོར་ $༥༠,༠༠༠༠། ཁྲི་ལྔ་དང། གསར་དུ་འབྱོར་བའི་གྲ་བཙུན་རྣམས་སྔ་རྗེས་སུ་དགོན་སྡེ་གྲ་ཚང་ཁག་ལ་གཏོང་རྒྱུའི་ལམ་གྲོན་ཆེད་སྒོར་ $༡༠,༠༠༠། ཁྲི་གཅིག   གྲ་བཙུན་སྐུ་ན་བགྲེས་པ་ཉམས་ཐག་རྣམས་ལ་གཟིགས་རྟོགས་ཆེད་ཨ་སྒོར་ $༡༥,༠༠༠།  གྲ་བཙུན་རྣམས་ལ་ངེས་མེད་ཛ་དྲག་རོགས་རམ་ཆེད་ཨ་སྒོར་ $༥,༠༠༠། བཅས་དགོས་གལ་ལ་གཞིགས་པའི་བགོས་འགྲེམས་གནང་བ་དོན་ཕན་ལྡན་པ་བྱུང་ཡོད།

  1. དྷ་ས་བཙུན་དགོན་འཇམ་དབྱངས་གླིང་ལ་འཛིན་ཁང་ལྔ་དང་། དཔེ་མཛོད་ཁང་གསར་རྒྱག་ཆེད་ཨ་སྒོར་ $༤༤,༠༠༠། དང་། བཙུན་མ་བགྲེས་པ་མཚན་ཉིད་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པ་རྣམས་ལ་དྷ་སྟེང་དུ་བཞུགས་ཤག་གསར་གཟིགས་ཆེད་ཨ་སྒོར་ $༢༠,༠༠༠། རོགས་རམ་ཕུལ་ཡོད།
  2. དགའ་ལྡན་ཕོ་བྲང་ཡིག་ཚང་གི་བཀའ་འབྲེལ་གདན་ས་བཀྲིས་ལྷུན་པོའི་དགེ་འདུན་ཞལ་གྲངས་༨༥ ལ་འཚོ་སྣོན་རོགས་རམ་གཏོང་ཐེངས་དང་པོར་ཧིན་སྒོར་ ༡༠༢,༠༠༠། དང་། གཉིས་པར་ཨ་སྒོར་ ༥,༨༢༨། འབབ་ཧིན་སྒོར་ ༢༢༧,༠༠༠། ཕུལ་ཡོད།
  3. དྷ་ས་དཔེ་མཛོད་ཁང་དུ་༧གོང་ས་མཆོག་དང་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ཀྱིས་དབུས་རིས་མེད་བླ་ཆེན་རྣམས་ཀྱིས་ལོ་ངོ་ལྔ་བཅུའི་གོང་དུ་གནང་པའི་གསུང་ཆོས་ཀྱི་སྒྲ་འཇུག་འཁོར་ཐག་རྙིང་པ་རྣམས་ཉམས་སྐྱོན་ལས་སྲུང་སྐྱོབས་ཀྱིས་དེང་དུས་ཀམ་པུ་ཊར་ནང་བཅུག་སྟེ་དྲ་ཐོག་གི་དཔེ་མཛོད། (digital library) གསར་བཟོའི་ཆེད་སྔ་རྗེས་རོགས་རམ་ཨ་སྒོར་ $༡༣,༠༠༠། དང། ལྡི་ལི་བོད་ཁང་དུ་ཞལ་ཐང་རྙིང་པའི་སྐུ་པར་ཕབས་ལེན་ཆེད་ཨ་སྒོར་ $༨,༠༠༠། ཕུལ་ཡོད།
  4. བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤོག་དང། ལས་བསྡོམས་དེབ་ཆུང། བོད་ཁྱིམ་སོགས་སློབ་གྲྭ་ཁག་གི་སློབ་དེབ་རྣམས་རྒྱ་གར་བའི་ཚོང་པར་སྤྲོད་མ་དགོས་པར་བོད་མིའི་སྤྱི་ཚོགས་ནང་པར་སྐྲུན་ཐུབ་ཐབས་སུ་སཱ་ར་མཐོ་སློབ་ཏུ་དཔེ་དེབ་པར་ཁང་གསར་འཛུགས་ཆེད་ཨ་སྒོར་འབུམ་གཅིག་ $༡༠༠,༠༠༠། རོགས་རམ་ཕུལ།
  5. བོད་གཞུང་ཟློས་གར་ཚོགས་པར་ (Multia Media) སྒྲ་འཇུག་ཁང་གསར་འཛུགས་རོགས་རམ་ཨ་སྒོར་ $༢༣,༠༠༠། དང་དཔེ་མཛོད་ཀྱི་འཛིན་ཆས་ཆེད་ཨ་སྒོར་ $༢,༠༠༠། ཕུལ་ཡོད།
  6. བླ་མ་མ་ཎིའི་སྲོལ་རྒྱུན་ཉམས་གསོའི་ཆེད་སྐྱིད་གྲོང་ཐུགས་རྗེ་ཆོས་གླིང་དུ་བཙུན་མ་གྲངས་ ༢༡ ལ་མཁའ་འགྲོ་མ་འགྲོ་བ་བཟང་མོ་སོགས་ཀྱི་རྣམ་ཐར་བདུན་ཆ་ཚང་སློབ་ཁྲིད་སྦྱོང་བདར་དང་གློག་བརྙན་གསར་བཟོའི་ཐོག་ཨ་སྒོར་ $༡༦,༠༠༠། ཕུལ་ཡོད།
  7. ཨིན་ཌི་ཡ་ན་བྷུལུ་མིན་ཊོན་དུ་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེས་གསར་འཛུགས་གནང་པའི་བོད་ཀྱི་རིག་གཞུང་བསྟི་གནས་(Tibetan Culture Center) ལ་འགྲོ་གྲོན་མ་འདེང་པའི་དཀའ་སེལ་ཆེད་བོད་ཀྱི་ཐེབས་རྩ་ནས་དམིགས་བསལ་རོལ་དབྱངས་འདུ་ཚོགས་གོ་སྒྲིག་གིས་ཡོང་འབབ་ཨ་སྒོར་ $༤༠,༠༠༠། བཞི་ཁྲི་ཆ་ཚང་རོགས་རམ་ཕུལ་ཐུབ་པ་བྱུང་ཡོད།
  8. ༢༠༠༠ ལོར་རྒྱལ་ས་ཝ་ཤིང་ཊོན་དུ་ (Tibetan Culture Beyond the Snow Land) བོད་ཀྱི་རིག་གཞུང་དུས་སྟོན་ཆེན་མོའི་ཆེད་སོན་རྩའི་རོགས་དངུལ་ (Seed Money) ཨ་སྒོར་ $༡༠,༠༠༠། ཕུལ་བའི་ཐོག་དུས་སྟོན་ལས་གཞིའི་ཆེད་ Conservancy for Tibetan Arts and Culture ལ་གང་ཅིའི་མཐུན་འགྱུར་ཞུས་ཡོད།
  9. ༢༠༡༡ ནས་བཟུང་ལོ་བཞིའི་རིང་དགེ་བཤེས་མ་རྒྱུགས་སྤྲོད་གྲ་སྒྲིག་དང་། དམིགས་བསལ་སྦྱོང་བདར་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ལ་ཨ་སྒོར་ $༢༠,༠༠༠། ཁྲི་གཉིས་ཕུལ་བ་དོན་ཕན་ལྡན་པ་བྱུང་ཡོད།
  10. བལ་ཡུལ་བཙུན་དགོན་ཐུགས་རྗེ་ཆོས་གླིང་དུ་དཔེ་མཛོད་དང་འཛིན་ཁང་གསར་རྒྱག་ཆེད་ཨ་སྒོར་ $༡༠,༠༠༠། ཁྲི་གཅིག་དང་། ཉི་འོད་ཀྱི་གློག་ཤུགས་གསར་འཛུགས་ཆེད་སྒོར་ $༨,༠༠༠། རོགས་རམ་ཐུབ་པ་བྱུང་ཡོད།
  11. བལ་ཡུལ་ལྷ་མོའི་སྐྱིད་སྡུག་ལ་ཉམས་བརླག་འགྲོ་བཞིན་པའི་བོད་ཀྱི་ཡུལ་གཞས་འཁྲབ་སྦྱོང་ཆེད་ཨ་སྒོར་ $༧,༠༠༠། དང། ལྷ་མོའི་འཁྲབ་གཞུང་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་གསར་བཟོ་དང་གློག་བརྙན་ཆེད་ཨ་སྒོར་ $༡༦,༠༠༠།  སླར་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆང་སའི་རྟེན་འབྲེལ་བྱེད་སྒོའི་ལམ་སྲོལ་གློག་བརྙན་བཟོ་སྐྲུན་གྱི་ཆེད་དུ་རོགས་རམ་ཨ་སྒོར་ $༥,༦༢༥། དང་ཡང་བསྐྱར་ Glen Rowel Fund གྷེ་ལེན་རཱོ་ཝེལ་ཕནཌི་ནས་ཨ་སྒོར་ $༣,༥༠༠།  རོགས་རམ་ཞུ་གྲོགས་རོགས་ཞུས་ཡོད།
  12. ར་ཇ་པུར་རྒས་གསོ་ཁང་དུ་མ་ཎི་དུང་འཁོར་གསར་བཞེངས་ཐོག་ཨ་སྒོར་ ༣,༣༩༥། ཕུལ།

) འཕྲོད་བསྟེན་ཐོག་རོགས་རམ་གང་བྱས་དཔེ་མཚོན་འགའ་ཞིག་ཞུས་ན།

  1. ༡༩༩༡ ལོར་བཀའ་ཤག་བཀའ་འབྲེལ་དྷ་སྟེང་མེག་ལོར་གྷན་ཇི་དང་། གངས་སྐྱིད་བཅས་པའི་ཐུང་ཆུ་དང་།  བཙོག་ཆུའི་ཡུར་བ་གསར་བཟོའི་ཆེད་ཨ་སྒོར་ཁྲི་གསུམ་ $༣༠,༠༠༠། རོགས་རམ་ཕུལ།
  2. ༡༩༩༡ ལོར་བཀའ་ཤག་བཀའ་འབྲེལ་འཕྲོད་བསྟེན་ལས་ཁུངས་ལ་ཨ་སྒོར་ $༨༠,༠༠༠། ཁྲི་བརྒྱད་ཕུལ་བའི་ཁོངས་ནས་བོད་གཞུང་སྨན་རྩིས་ཁང་ལ་ནད་པའི་ཉལ་ཁང་གསར་རྒྱག་ཆེད་ཨ་སྒོར་༣༠,༠༠༠། ཁྲི་གསུམ་དང། གཞིས་ཆགས་ཡན་ལག་སྨན་ཁང་ཁག་ལ་སྨན་སྦྱིན་ཆེད་ཨ་སྒོར་༡༥,༠༠༠། སྨན་རྩིས་ཁང་གི་སྨན་ལས་སྦྱོང་བདར་ཆེད་ཨ་སྒོར་ ༥,༠༠༠།  བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་སྨན་བཅོས་ཆེད་བདེ་ལེགས་སྨན་ཁང་ལ་ཨ་སྒོར་ ༡༥,༠༠༠།  བོད་སྨན་ཉམས་ཞིབ་ཆེད་སྨན་རྩིས་ཁང་དུ་ཨ་སྒོར་ ༡༠,༠༠༠། ཁྲི་གཅིག  །འཕྲོད་བསྟེན་ལས་ཁུངས་ཡར་རྒྱས་ཀྱི་ཆེད་ཨ་སྒོར་ ༥,༠༠༠། བཅས་བགོས་འགྲེམས་གནང་པ་དོན་སྨིན་བྱུང་ཡོད།
  3. འཕྲོད་བསྟེན་ལས་ཁུངས་ཀྱི་ཐུགས་འགན་རྐང་བཞེས་འོག་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཀེམ་བྷེ་ལ་ཀུ་པི་དང་། བདེ་སྐྱིད་སླར་གསོ་གཉིས་ལ་མིག་ནད་སྨན་བཅོས་ཆེད་ཨ་སྒོར་ $༩,༥༠༠། དང། ཧུན་སུར་དང་ཀོ་ལོ་གྷལ་གཞིས་ཆགས་ཀྱི་ཆེད་དུ་ཨ་སྒོར་ $༩,༥༠༠། མོན་གྷོཌི་གཞིས་ཆགས་ནང་མིག་ནད་སྨན་བཅོས་ཆེད་ཨ་སྒོར་ $༩,༥༠༠། ཨོ་རི་ས་དང་མཱེན་པཱཊ  བྷན་དྷ་ར་བཅས་གསུམ་གྱི་ནང་མིག་ནད་སྨན་བཅོས་ཆེད་ཨ་སྒོར་ $༩,༥༠༠།  གོང་བཞིན་ཨ་རུན་ན་ཨན་ཅལ་མངའ་སྡེའི་ནང་གི་གཞིས་ཆགས་མེའོ་དང་ཏི་ཇུ་བཅས་པར་མིག་ནད་སྨན་བཅོས་ཆེད་ཨ་སྒོར་ $༥,༠༠༠། ཉེ་ཆར་སླར་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་བཞེས་འོག་བདེ་སྐྱིད་གླིང་དང། པོནཌ། པུར་ཝ་ལ། སེ་ཊོན། བྷིར་ཁུལ་གྱི་གཞེས་ཀེམ་ཁག་གསུམ། ཀུ་ལུ་བཅས་པར་མིག་ནད་སྨན་བཅོས་ཆེད་ཨ་སྒོར་ $༩,༥༠༠། བཅས་ཁྱོན་ཨ་སྒོར་ $༥༢,༥༠༠།  མིག་སྨན་མིག་ཐོག་བཏང་ཐུབ་པ་བྱུང་ཡོད།
  4. ༢༠༡༨ ལོར་ཡང་བསྐྱར་མེན་པར་ཕན་བདེ་གླིང་གཞིས་ཆགས་ནང་མིག་ནད་སྨན་བཅོས་ཆེད་ཨ་སྒོར་ ༥,༠༠༠། བཏང་ཡོད།
  5. མངོན་དགའ་དབང་པོ་སྐྱོན་ཅན་སློབ་གྲྭར་ལས་ཤག་གསར་རྒྱག་ཆེད་ཨ་སྒོར་ $༢༨,༥༥༣། དང་། དབང་པོ་སྐྱོན་ཅན་རྣམས་ཁང་པ་གཅིག་ནས་གཞན་དུ་འགྲོ་སྐབས་ཆར་པས་བང་པ་དང་ཉི་མས་འཚིག་མ་དགོས་པར། ཐོག་བཀབ་ཡོད་པའི་ལམ་དང་འཁོར་ལོ་ཡོད་པའི་རྐུབ་སྟེགས་ལ་གཞོན་ནས་སྟེང་ཐོག་ཏུ་འགྲོ་ས་ཡོད་པའི་ཆ་རྐྱེན་ཆེད་ཨ་སྒོར་ $༢༥,༠༠༠། དང།  ཉལ་ཁང་དང་འཛིན་ཁང་ཉམས་གསོའི་རོགས་རམ་སྒོར་ $༡༥,༠༠༠། ཕུལ་ཡོད།
  6. ལ་དགས་བྱང་ཐང་གཞིས་ཀེམ་ཁག་ལྔའི་ཐུང་ཆུའི་དཀའ་སེལ་ཆེད་ཨ་སྒོར་ $༢༠,༠༠༠ དང། མེན་པར་གཞིས་ཆགས་ལྟ་བུར་མཚོན་ན་དེ་སྔ་ཐུང་ཆུ་ཁྲོན་པ་ནས་ལེན་དགོས་པ་དང། ཁྲོན་པའི་ཆུ་དེ་འདམ་ཉོག་དང་འདྲེས་ནས་ཉིན་ཕྱེད་ཀའི་རིང་ཛ་མའི་ནང་བཞག་ནས་དྭངས་སྲིང་འབྱེད་དགོས་པ་མ་ཟད། གཡས་གཡོན་ལ་ཟངས་དང་ལྕགས་ཀྱི་གཏེར་ཁ་བརྔོག་འདོན་གྱི་ཉིག་རོ་འཐུང་ཆུར་འདྲེས་རྐྱེན་གཞིས་མི་རྣམས་ལ་ན་ཚ་མང་པོ་ཡོང་གི་ཡོད། ༡༩༩༩ ལོར་བོད་ཀྱི་ཐེབས་རྩས་རོགས་རམ་ཨ་སྒོར་ $༡༠༢,༢༢༩.༠༢ ཕུལ་སྟེ། ས་འོག་ནས་ཆུ་བཏོན་ཏེ་གཞིས་ཀེམ་བདུན་ཡོད་པ་ཚང་མར་ཆུ་མཛོད་ཆེན་པོ་རེ་གསར་རྒྱག་བྱས་ཏེ་ཐུང་ཆུ་ལ་རྫས་སྦྱོར་གྱིས་གཙང་མ་བཟོས་རྗེས་ཁྱིམ་ཚང་རེ་རེའི་ནང་རྒྱུགས་ས་ཡོད་པའི་ལྕགས་གདོང་བཙུགས་ནས་མི་མང་གི་གཟུགས་པོའི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།
  7. དྷ་ས་གཙུག་ལག་ཁང་དུ་གསུང་ཆོས་སྐབས་གསང་སྤྱོད་མ་འདེང་པའི་དཀའ་སེལ་ཆེད་ཉེ་འགྲམ་འཁོར་ལམ་བཞི་འཛོམས་སར་དམངས་སྤྱོད་གསང་སྤྱོད་གསར་རྒྱག་གི་ཆེད་དུ་ཨ་སྒོར་ ༣༠,༠༠༠། ཁྲི་གསུམ་རོགས་རམ་ཕུལ་ཡོད།
  8. མེའོ་གཞིས་ཆགས་ཀྱི་མི་མང་སྨན་ཁང་གསར་རྒྱག་ཆེད་ཨ་སྒོར་ $༡༧,༨༣༧.༢༣ དང། སྨན་པའི་ལས་ཤག་གི་ཆེད་དུ་སྒོར་ $༦,༦༨༨.༩༦ བཅས་བསྡོམས་ཨ་སྒོར་ $༢༤,༥༢༦.༡༩ རོགས་རམ་ཞུ་ཐུབ་པ་བྱུང་ཡོད།
  9. ཨ་རི་གཞུང་གི་རོགས་རམ་འོག་གཞིས་ཆགས་ཉི་ཤུ་ཙམ་ལ་ནད་པ་སྐྱེལ་འདྲེན་གྱི་སྨན་ཁང་རླངས་འཁོར་ (Ambulance) རོགས་རམ་ཞུས་པ་མ་ཟད། སྨན་ཁང་ཡོངས་རྫོགས་ལ་ན་ཚ་སྔོན་འགོག་གི་རོགས་རམ་དང། མ་བུའི་འཕྲོད་བསྟེན་རོགས་རམ་འབོར་ཆེན་ཐོབ་པའི་འཛིན་སྐྱོང་ལས་འཁུར་ཐོག་བོད་ཀྱི་ཐེབས་རྩ་ནས་མཉམ་རུབ་ཞུས་ཡོད།
  10. སྦྱིན་བདག་སྒེར་པ་དང་། རོགས་ཚོགས་ལ་འབོད་སྐུལ་གྱིས་ཀོ་ལི་གྷལ་སྨན་ཁང་ལ་ཉི་འོད་ཀྱི་གློག་ (Solar lighting system) གསར་འཛུགས་ཞུས་པ་མ་ཟད།  བྷེལ་ཀོབ་འཚོ་བྱེད་སྨན་ཁང་ལ་དེང་དུས་ཀྱི་གློག་པར་ཐོན་གསར་ (Siemen’s X-ray) འཁྲུལ་ཆས་གསར་པའི་རོགས་རམ་ཕུལ་ཡོད།
  11. གོང་བཞིན་བལ་ཡུལ་ཇ་ཝ་ཁེལ་ནང་ Care and Fair Nepal ཟེར་བའི་སྨན་ཁང་དུ་གློག་པར་གསར་ཉོའི་ཆེད་ཨ་སྒོར་ ༣,༠༠༠། བཏང་སྟེ་འགོ་འབྱེད་ཡང་སྐུ་ཚབ་དོན་གཅོད་རྟ་མགྲིན་རྡོར་རྗེ་ལགས་ནས་གནང་ཡོད།
  12. Friends of Delek Hospital ཞེས་པའི་ཚོགས་པ་དང་ཟུང་སྦྲེལ་གྱིས་བདེ་ལེགས་སྨན་ཁང་དུ་གློ་ནད་སྔོན་འགོག་གི་ལས་གཞིའི་རོགས་རམ་དང་། གཞན་ཡང་སྦྱིན་བདག་རྣམས་ལ་སྔ་རྗེས་འབྲེལ་མཐུད་ཞུས་ཏེ་ཨ་སྒོར་འབུམ་ཕྲག་མང་པོ་ཕུལ་ཐུབ་པ་བྱུང་ཡོད།
  13. དྷ་ས་བདེ་དོན་གྱི་ཁྱབ་ཁོངས་སུ་ཁོར་ཡུག་གཙང་བཟོའི་ལས་འཆར་ཐོག་ཤེ་ལི་དང་ཌོ་ནལཌི་རུ་བྷིན་ཐེབས་རྩ་ནས་ལོ་གཉིས་ཀྱི་དམིགས་བསལ་རོགས་རོམ་ཨ་སྒོར་ ༢༠,༠༠༠། ཞུ་རྩོལ་ཕན་ཐོགས་བྱུང་ཡོད།
  14. ཨ་རིའི་ནང་བོད་སྨན་སྐོར་གསུང་བཤད་དང་། སྨན་བཅོས་ཆེད་བོད་གཞུང་སྨན་རྩིས་ཁང་གི་སྐུ་གཤེགས་ཨེམ་རྗེ་བསྟན་འཛིན་ཆོས་གྲགས་ལགས་ཐེངས་གཉིས་དང་།  ཨེམ་རྗེ་ཟླ་མགྲོན་ལགས།  དེ་བཞིན་དབུ་འཛིན་ལྩམ་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་བཅས་གདན་ཞུ་བྱས་ཡོད།
  15. འཕྲོད་བསྟེན་ལྷན་ཁང་གི་ཐུགས་འགན་འོག་བོད་མིའི་སྤྱི་ཚོགས་ཀྱི་གཟུགས་ཁམས་དང་འཕྲོད་བསྟེན་གནས་ཚུལ་ཞིབ་ཕྲ་འཁོད་པའི་ཐོ་གཞུང་(Health Information System) ཞེས་པ་དྲྭ་རྒྱ་གསར་བཟོའི་ལས་གཞི་དང། ཆོས་རིག་ལས་ཁུངས་ཀྱི་རེ་སྐུལ་བཞིན་གདན་ས་ཁག་གི་དགེ་འདུན་ཞལ་གྲངས་ ༡,༥༡༠། ལ་འཕྲོད་བསྟེན་ཉེན་སྲུང་(Tibetan Medicare System ཞེས་པའི་མ་འཇོག་གི་ཟླ་དུས་སྤྲོད་འབབ་ཐོབ་འཛིན་གཞིར་བཟུང་སྤྲོད་འཇལ་ཆེད་སྐུ་ཞབས་རི་ཅཱཌ་གྷེ་ཡར་ལ་ཇི་ལྟར་འབོད་སྐུལ་ཞུ་དོན་བཞིན་ཕྱི་ལོ་ ༢༠༡༢ དང་ ཕྱི་ལོ་ ༢༠༡༣ ཕྱི་ལོ་ ༢༠༡༤ སོ་སོར་རོགས་རམ་སྔ་རྗེས་གསུམ་གནང་པའི་དངུལ་འབོར་ཁྱོན་བསྡོམས་ཨ་སྒོར་ ༡༠༥,༠༠༠། འཕྲོད་བསྟེན་ལས་ཁུངས་སུ་ཕུལ་ཡོད།
  16. ནིའུ་ཡོག་ཡུ་ནི་ཝ་སི་ཊི་སློབ་གྲྭ་་ཆེ་མོ་ (NYU College of Dentistry) དང་ཟུང་སྦྲེལ་གྱིས་ ༢༠༡༢ ནས་བཟུང་བལ་ཡུལ་ནང་ལོ་ལྔ་བསྟུད་མར་ཨེམ་རྗེ དང་། ལས་བྱེད་བསྡོམས་ ༣༥ ནས་ ༤༠ བར་བསྐྱོད་དེ་སྲོང་བཙན་སློབ་གྲྭར་འགྲོ་ཐེངས་རེར་རྒན་བྱིས་མི་གྲངས་ ༡,༠༠༠། ཙམ་གྱི་སོ་ནད་སྨན་བཅོས་དམ་ཡང་ན་སོ་ཚབ་བསྒར་ནས་བོད་མི་དང་ཡུལ་མི་ཉམས་ཐག་མང་པོར་ཕན་ཐོགས་ཐུབ་པ་བྱུང་ཡོད།  ལས་དོན་འདིའི་ཐོག་བོད་ཀྱི་ཐེབས་རྩ་ནས་ ༢༠༡༣ ལོར་སྒོར་༡༥,༨༡༠། དང་། ༢༠༡༧ ལོར་སྒོར་༥,༠༠༠། བཅས་བསྡོམས་ཨ་སྒོར་༢༠,༨༡༠། ཞལ་འདེབས་ཕུལ།
  17. ལྡི་ལིར་གཏན་གཞི་བྱས་པའི་ནད་པ་བལྟ་སྐྱོང་ཚོགས་པ་ Patient Care Association ཞེས་པར་ ༢༠༡༧ ལོར་རོགས་སྐྱོར་ཨ་སྒོར་ ༡༤,༥༠༠། བཏང་ཡོད།
  18. ༢༠༡༧ ལོར་མོན་གྷོ་སྨན་ཁང་ལ་སོའི་གློག་པར་དང་ཁྲག་བརྟག་ཞིབ་ཀྱི་འཁྲུལ་ཆས་གསར་ཉོའི་ཆེད་སྒོར་ ༣,༦༡༥། བཏང།
  19. དགའ་བྱང་སྨན་བཅོས་ཚོགས་པར་ཕྱི་ལོ་ ༢,༠༡༧ ལོར་རྒས་ཁོག་དང་ཅི་སྙིའི་ནད་པར་སྨན་བཅོས་ཆེད་སྦྱིན་བདག་གི་རོགས་རམ་སྒོར་ ༩,༡༦༠། ཐོག་བོད་ཀྱི་ཐེབས་རྩ་ནས་ཁ་སྣོན་སྒོར་༥,༥༨༥། བསྡོམ་ཨ་སྒོར་ ༡༤,༧༦༥། བཏང་ཡོད།
  20. གོང་བཞིན་ཕྱི་ལོ་ ༢༠༡༧ ལོར་འཕྲོད་བསྟེན་ལས་ཁུངས་ལ་ཤྲི་ན་གར་སྨན་ཁང་ཉམས་གསོའི་ཆེད་དུ་ཨ་སྒོར་ ༡,༡༣༠། དང་། པོན་ཊ་ཆོལ་གསུམ་གཞིས་ཆགས་ཀྱི་སྨན་ཁང་ཆེད་སྒོར་༡,༦༡༧.༥༡ མེན་པར་ཕན་བདེ་གླིང་དུ་མིག་གི་སྨན་བཅོས་ཆེད་སྒོར་ ༤,༨༥༠།  རྡོར་གདན་དུ་ཤིན་ཏུ་མི་ཚོགས་ཆེ་བའི་དུས་འཁོར་དབང་ཆེན་སྐབས་སྨན་བཅོས་ཆེད་ཨ་སྒོར་ ༥,༠༠༠། ཕུལ་ཡོད།
  21. Starkey Hearing Foundation ཞེས་པ་འོན་པར་སྒྲ་ཐོས་ཡོ་ཆས་མཁོ་སྤྲོད་ཐེབས་རྩའི་རོགས་སྐྱོར་འོག་སྤོག་ར་པདྨ་ཚལ་ས་སྐྱའི་དགོན་པ་དང་། བལ་ཡུལ་དོན་གཅོད་བཅས་པར་འབྲེལ་གཏུགས་ཀྱིས་ ༢༠༡༣ ལོར་སྤོག་ར་མངའ་ཁུལ་གཞིས་ཆགས་ཁག་བཞི་དང་། ཡུལ་མི་ ༡༨༦ བལ་ཡུལ་ཇཝ་ལ་ཁེལ་གཞིས་ཆགས་ནས་མི་གྲངས་ ༤༥ རྒྱལ་ས་དང་འཕགས་ཤིང་ནས་མི་གྲངས་༨༡ མཆོད་རྟེན་ས་ཁུལ་ནས་མི་གྲངས་ ༦༣ བསྡོམས་མི་གྲངས་ ༣༥༧ གྱི་རྣ་ལྕོག་ལ་ཚད་རྒྱབ་སྟེ། ཨ་རི་ནས་ཉན་ཆས་སྤུས་དག་བགོ་འགྲེམས་ཕན་ཐོགས་ཆེན་པོ་བྱུང་ཡོད།
  22. བལ་ཡུལ་མཆོད་རྟེན་དུ་(Sober Recovery & Rehabilitation Center) ཞེས་པ་ཆང་རག་དང་། སྨྱོ་རྫས་ཀྱིས་མནར་བའི་བོད་རིགས་དང་ཡུལ་མི་གཞོན་སྐྱེས་མང་པོའི་སྨན་བཅོས་ཆེད་ ༢༠༡༡ ནས་འགོ་བཙུགས་ཏེ་ཨ་རི་གཞུང་གི་རོགས་རམ་ནས་ལོ་རེར་ཨ་སྒོར་ ༢༠,༠༠༠། ནས་ ༢༥,༠༠༠། བར་མུ་མཐུད་བཏང་པའི་ཐོག ༢༠༡༦ ལོར་རོགས་ཚོགས་སྒེར་ལ་འབོད་སྐུལ་གྱིས་ཉལ་གདན་དང་མལ་ཆས་གསར་ཉོའི་ཆེད་ཨ་སྒོར་ ༢,༥༥༠། བཏང་ཡོད།
  23. བལ་ཡུལ་གློ་ཚེ་རོགས་དང་། རྡོར་ཐང་། བྷག་ཁང་དོན་གྲུབ་ལྡིང་བཅས་པར་འཕྲོད་བསྟེན་བརྟག་ཞིབ་ཆེད་སྨན་པའི་རུ་ཁག་སྔ་རྗེས་བཏང་པའི་འགྲོ་གྲོན་དང། ཧེ་ལི་ཊར་བྱམས་པ་གླིང་གི་སྨན་ཁང་དང་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འཁྲིས་སྨན་ཁང་ཉམས་གསོ། སླར་ཡང་རྣ་བའིདབང་པོ་ཉམས་གུད་ཀྱིས་སྒྲ་ཇི་བཞིན་ཐོས་མི་ཐུབ་པའི་མི་གྲངས་ ༢༠ ལ་ཨ་རི་ནས་ཐོན་པའི་ཉན་ཆས་མཁོ་སྤྲོད་བྱས་པའི་སྣེ་སེལ་རིན་འབབ་བཅས་བསྡོམས་ཨ་སྒོར་ ༡༢,༠༠༠། བཏང་ཡོད།
  24. བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་རེ་འདུན་དགོངས་དོན་ཌེར་ཌུན་བདེ་སྐྱིད་གླིང་རྒས་གསོ་ཁང་ཉམས་གུད་བསྐྱར་བཟོའི་ཆེད་ཨ་སྒོར་ ༡༠,༠༠༠། བཏང་ཡོད།

) རྒས་གསོ་ཁང་ཁག་ལ་རོགས་རམ་ཞུས་པ་གཤམ་གསལ།

  1. ༡༩༩༡ ལོར་དྷ་རམ་ས་ལ་ལྷ་རྒྱལ་རིར་རྒན་གསོ་ཁང་གསར་རྒྱག་ཆེད་ཨ་སྒོར་ $༢༠,༠༠༠། ཁྲི་གཉིས་དང།
  2. བལ་ཡུལ་བུད་མེད་ཚོགས་པའི་རྒན་གསོ་ཁང་གི་ཐུང་ཆུའི་ཆེད་དུ་ཨ་སྒོར་ $༥,༣༠༠
  3. མོན་གྷ་གཞིས་ཆགས་རྒན་གསོ་ཁང་དུ་ལོ་ ༡༤ ནང་ལྕམ་སྐུ་སུ་སཱན་ཝིལ་ལིིའི་རོགས་རམ་ཨ་སྒོར་$༧༠,༠༠༠། ཁྲི་བདུན་བཏང་ཡོད།
  4. ༢༠༠༣ ལོར་བལ་ཡུལ་མཆོད་རྟེན་དུ་ཚེ་རིང་རྒས་གསོ་ཁང་གསར་རྒྱག་ཆེད་ཨ་སྒོར་ $༨༥,༠༠༠། བརྒྱད་ཁྲི་ལྔ་སྟོང་ནག་གཏོང་ཐོག་ཉི་འོད་ཀྱི་གློག་ཤུགས་ཆེད་ཨ་སྒོར་ $༥,༠༠༠། ཉེ་བའི་ཆར་ཐབ་ཚང་དང་གསོལ་ཚིགས་ཁང་བཅས་གསར་རྒྱག་ཐོག་མུ་མཐུད་རྒྱུན་གྲོན་རོགས་རམ་ཕུལ་བཞིན་པ་ཡིན།
  5. མན་པར་གཞིས་ཆགས་རྒས་གསོ་ཁང་གི་ཁང་ཐོག་གསར་བརྗེའི་ཆེད་ཨ་སྒོར་ ༤,༢༠༠། དང་། ཀོ་ལི་གྷལ་གཞིས་ཆགས་ཀྱི་རྒན་གསོ་ཁང་དུ་རང་ཁོངས་སྦྱིན་བདག་གི་རོགས་དངུལ་ཨ་སྒོར་ ༨,༢༡༦ ཐོག་བོད་ཀྱི་ཐེབས་རྩའི་ཁ་སྣོན་སྒོར་ ༦,༧༨༤ བཅས་བསྡོམས་ཨ་སྒོར་ ༡༥,༠༠༠། བཏང་ཐུབ་པ་བྱུང་ཡོད།
  6. བདེ་སྐྱིད་གླིང་དུ་གཞུང་ཞབས་བགྲེས་ཡོལ་ཞུགས་ཤག་གི་ཉེ་འཁྲིས་སུ་གཡས་གཡོན་ནས་གད་སྙིགས་གཡུག་བཞིན་པ་འགོག་ཐབས་ཆེད་མཐའ་འཁོར་རྭ་བས་བསྐོར་ནས་དཀྱིལ་དུ་མེ་ཏོག་དང་མཆོད་རྟེན་གསར་བཞེངས་ཀྱི་ཆེད་དུ་ཐེངས་དང་པོར་རོགས་རམ་སྒོར་ ༤༠༠༠། དང་། གཉིས་པར་སྒོར་ ༧,༦༡༢། བཅས་བསྡོམས་ཨ་སྒོར་ ༡༡,༦༡༢། ཕུལ་ཡོད།
  7. བཀའ་ཤག་ནས་རེ་སྐུལ་གནང་བའི་དགོངས་དོན་སྲིད་སྐྱོང་གི་ལས་ཤག་ཏུ་འཛིན་ཆས་གསར་ཉོའི་ཆ་རྐྱེན་ཆེད་ཨ་སྒོར་ ༥,༠༠༠། མཐུན་འགྱུར་ཞུས་ཡོད།

) གཞིས་ཆགས་ཡར་རྒྱས་ཆེད་དུ་རོགས་རམ་སྣ་ཚོགས་ཀྱི་སྙན་ཐོ།

  1. གཙོ་ཆེ་བོད་ནས་གསར་དུ་འབྱོར་བ་དང་། དེ་བཞིན་སྐྱབས་བཅོལ་དུ་གནས་པའི་གཞིས་ཆགས་ཁག་གི་ཆེད་དུ་ ༡༩༩༡ ནས་བཟུང་ཨ་རི་གཞུང་གི་རོགས་དངུལ་སྔ་རྗེས་ཐེངས་ ༢༦ གནང་པའི་དངུལ་འབོར་ཨ་སྒོར་ས་ཡ་ལྔ་བཅུ་ལྷག་ཙམ་ (Over 50 million) གྱི་ལས་གཞི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་དུ་སྟངས་འཛིན་ཞུས་དང་ཞུ་བཞིན་པ་ཡིན།
  2. ཏེ་ཛུ་གཞིས་ཆགས་ཀྱི་མགྲོན་ཁང་གསར་རྒྱག་ཆེད་ཨ་སྒོར་ $༨,༧༨༥། དང་། སཱོ་ལཱན་བོན་པོའི་གཞིས་ཆགས་ཀྱི་མགྲོན་ཁང་ཆེད་ཨ་སྒོར་ $༡༣,༡༥༥། མན་པར་ཕན་བདེ་གླིང་གཞིས་ཆགས་ཀྱི་མགྲོན་ཁང་ཆེད་ཨ་སྒོར་ $༢༠,༢༧༠། དེ་བཞིན་གཞུང་འབྲེལ་གཟིགས་སྐོར་བ་སོགས་ཀྱི་ཞུགས་གནས་མགྲོན་ཁང་ (Guest House) གསར་རྒྱག་རོགས་རམ་ཞུས་ཡོད། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་མེན་པར་ལྟ་བུར་མཚོན་ན།  དེ་སྔ་དྷ་རམ་ས་ལ་ནས་བཀའ་བློན་ཞིག་གཟིགས་སྐོར་དུ་ཕེབས་ན་གཞིས་འགོ་མཉམ་སྦྲེལ་དྲུང་ཆེའི་ཤག་ཏུ་ཟླ་སྒྲིལ་བྱེད་དགོས་པ་དང། རྩིས་ཞིབ་པ་སོགས་ཕེབས་དུས་མཉམ་སྦྲེལ་དྲུང་ཆེ་ནང་མི་དང་བཅས་པ་ལས་བྱེད་གཞན་གྱི་ལས་ཤག་དུ་སྤོ་དགོས་པའི་དཀའ་ངལ་དངོས་མཐོང་བྱུང་ཞིང་།  ༡༩༨༩ ལོར་བོད་ཀྱི་ཐེབས་རྩའི་འགན་འཛིན་བལྟ་སྐོར་སྐབས་གཞིས་འགོ་སྐོུ་དབང་འདུས་ལགས་ནང་མི་ཡོངས་རྫོགས་མཉམ་སྦྲེལ་དྲུང་ཆེའི་ལས་ཤག་ཏུ་སྤོ་དགོས་བྱུང་འདུག
  3. མན་པར་གཞིས་ཆགས་ཀྱི་མཉམ་སྦྲེལ་ལ་ཞིང་རྨོས་འཁྲུལ་འཁོར་གཉིས་དང། གཞིས་མི་ཉམས་ཐག་ལ་ཞོ་ཁོག་གི་སོན་ལུད་བཅས་ཀྱི་ཆེད་ཨ་སྒོར་ ༡༡,༧༣༠། རོགས་རམ་བྱས་ཡོད།
  4. མེན་པར་གཞིས་ཆགས་ནང་ས་གནས་གྲོས་ཚོགས་དང་། མི་མང་གི་ཚོགས་ཁང་གསར་རྒྱག་ཆེད་ཨ་སྒོར་ $༢༠,༠༠༠། རོགས་རམ་ཕུལ།
  5. བྷན་དྷ་ར་ནོར་རྒྱས་གླིང་གཞིས་ཆགས་སུ་ཤིང་ཏོག་འདེབས་ཆེད་སྒོར་ ༡,༣༡༧།༩༡ དང་། མཉམ་སྦྲེལ་གྱི་འབྲས་པགས་པ་བཤུ་རྒྱུའི་བཟོ་གྲའི་ནང་རྩ་ཁང་གསར་རྒྱག་ཆེད་ཨ་སྒོར་ ༩,༣༨༧།༥༨ རོགས་རམ་བྱས།
  6. ཨོ་རི་ས་གཞིས་ཆགས་ཀྱི་ཁ་སཱོ་ཌ་གྲོང་སྡེའི་ནང་དབྱར་ཁ་ཆར་ཤོད་སྐབས་རྒྱུག་ཆུ་རྒྱས་ནས་གྲོང་སྡེ་ནས་ཞིང་ཁ་ཡོད་སར་མི་འགྲོ་མི་ཐུབ་པའི་དཀའ་སེལ་ཟམ་པ་གསར་འཛུགས་ཀྱི་ཆེད་དུ་ཨ་སྒོར་ ༥,༤༡༣།༨༠ བཏང་ཡོད།
  7. སིམ་ལ་ཀུ་སུམ་ཊི་དབྱངས་ཅན་དགའ་ཚལ་གཞིས་སྒར་གྱི་ཁང་ཐོག་ཉམས་བཟོའི་ཆེད་ཨ་སྒོར་༡༧,༨༤༧།༣༨ དང་། རི་འདབས་ནས་ས་རུས་ཡོང་བ་འགོག་ཐབས་རྡོ་རྩིགས་གྱང་རགས་གསར་བཟོའི་ཆེད་ཨ་སྒོར་ ༤,༦༦༦།༦༦ བཏང་ཡོད།
  8. པུར་ཝ་ལ་ས་སྐྱ་གཞིས་ཆགས་ནང་ས་གནས་གྲོས་ཚོགས་ཀྱི་ལས་ཁུངས་ཉམས་གསོ་དང་། ས་ཞིང་འདེབས་ལས། འགྲུལ་འཁོར་བབས་ཚུགས་བྱེད་སར་གཞིས་སྒར་དང་ཡུལ་མི་སྤྱི་ལ་ཕན་པའི་སྒུག་སྡོད་ཁང་ཆུང་རྐུབ་སྟེགས་ཆབས་སྦྲགས་གསར་རྒྱག་བཅས་ཀྱི་ཆེད་ཨ་སྒོར་ ༥,༠༠༠། བཏང་བ་ཧ་ཅང་གི་ཕན་ཐོགས་ཆེན་པོ་བྱུང་ཡོད།
  9. གླིང་ཚང་གཞིས་ཆགས་ཀྱི་མི་མང་སྤྱི་ཁང་གསར་རྒྱག་ཆེད་ཨ་སྒོར་ $༨,༠༠༠།
  10. བལ་ཡུལ་ཤར་ཁུམ་བདེ་གླིང་གཞིས་ཆགས་སུ་མི་མང་གི་འཚོ་སྣོན་ཀུ་ཤུ་འདེབས་ལས་ཀྱི་ཆེད་དུ་ཨ་སྒོར་ ༩,༡༧༠།༠༠ བཏང་ཡོད།
  11. མོན་གྷོ་འདོད་རྒུ་གླིང་དུ་གྱོན་ཆས་དྲས་འཚེམས་སྦྱོང་བདར་གྱི་ཆེད་དུ་རོགས་རམ་ཨ་སྒོར་༨,༣༧༣། བཏང་ཡོད།
  12. བདེ་སྐྱིད་གླིང་གཞིས་ཆགས་ནང་ས་གནས་གྲོས་ཚོགས་ཀྱི་ཚོགས་ཁང་གསར་རྒྱག་ཆེད་ཨ་སྒོར་ $༡༥,༠༠༠། ཕུལ་ཡོད།
  13. བལ་ཡུལ་བཀྲིས་སྒང་གློ་སྒྲིག་གཞིས་ཆགས་ནང་ཁྱིམ་དུད་དྲུག་གཤོངས་པའི་ཁང་པ་གསར་རྒྱག་ཆེད་ཨ་སྒོར་ $༨,༠༠༠།
  14. ཌ་ལ་ཧའོ་སི་ཁ་ཐོར་མི་མང་གི་ཆེད་དུ་སྡོད་ཤག་གསར་རྒྱག་རོགས་རམ་ཨ་སྒོར་ ༧༧,༨༧༨།
  15. བལ་ཡུལ་ཧེ་ལི་ཊར་བྱམས་པ་གླིང་གཞིས་ཆགས་མི་མང་གི་ཆེད་དུ་ཟ་བཅའི་ཚོང་ཁང་གསར་རྒྱག་ལ་ཨ་སྒོར་ ༨,༢༠༠། དང་། ཞིང་ལས་ཆེད་ཆུ་ཡུར་ཉམས་གསོ་བཅས་ཀྱི་རོགས་རམ་ཨ་སྒོར་ $༡༤,༣༢༧། ཁྱིམ་ཚང་བཞི་གཤོངས་པའི་ཁང་པ་གསར་རྒྱག་ཆེད་ཨ་སྒོར་ ༧༢༥༠། ཕུལ་ཐུབ་པ་བྱུང་ཡོད།
  16. ཧ་པར་པུར་དང། ལ་ཁཱན་ཝ་ལ། ཀོ་ལི་གྷལ་སོགས་ལ་སྲོལ་རྒྱུན་ཞིང་ལས་དང་ཆུ་ཡུར་སོགས་ཀྱི་རོགས་རམ། བྷན་དྷ་ར་གཞིས་ཆགས་སུ་འཁྲུལ་འཁོར་གྱིས་འབྲས་ཀྱི་པགས་པ་བཤུས་པའི་ཤུན་པགས་གསོག་ཁང་དང་།  ཤིང་ཏོག་འདེབས་ལས་སོགས་ཀྱི་ཆེད་རོགས་རམ་ཨ་སྒོར་ཁྲི་བཞི་$༤༠,༠༠༠། ཕུལ་ཐུབ་པ་བྱུང་ཡོད།
  17. ཧ་ཝ་པར་གཞིས་ཆགས་ནང་གྱོན་ཆས་དྲས་འཚེམས་སྦྱོང་བདར་གྱི་ཆེད་དུ་རོགས་རམ་ཨ་སྒོར་ ༨༠༠༠། བཏང་ཡོད།
  18. ནང་སྲིད་ལས་ཁུངས་སུ་ཀོ་ལི་གྷལ་དོན་གླིང་གཞིས་གྲོང་ (F) ནང་སྲོལ་རྒྱུན་འདེབས་ལས་ཆེད་ཨ་སྒོར་ $༥༠,༠༠༠། ཕུལ་ཡོད།
  19. གོང་བཞིན་ནང་སྲིད་ལས་ཁུངས་བརྒྱུད་མོན་གྷོར་ཞིང་རྨོས་འཁྲུལ་ཆས་བཟོ་བཅོས་ཁང་དུ་ཚ་ལའི་འཕྲུལ་ཆས་ (welding machines) གསར་ཉོ་དང་། མེན་པར་གཞིས་ཆགས་ནང་ཞིང་རྨོ་རྒྱུའི་འཁྲུལ་འཁོར་ tractors གསར་ཉོའི་རོགས་རམ་བསྡོམས་ཨ་སྒོར་ $༣༥,༠༠༠། ཕུལ།
  20. འབྲུག་གི་གཞིས་ཆགས་ནང་ཁང་ཐོག་གསར་བརྗེའི་ཆེད་ཨ་སྒོར་ ༡༧,༣༩༢། དང་། འགྲོ་ལམ་བཟོ་བཅོས།  རྩམ་འཐག་ཆུ་འཁོར་དང་སྣུམ་འདོན་འཁྲུས་ཆས་གསར་ཉོ།  གཞིས་སྤྱིའི་གུ་རུའི་ལྷ་ཁང་ཉམས་གསོའི་ཆེད་ཨ་སྒོར་ ༡༥,༠༠༠། བཅས་བསྡོམས་ཨ་སྒོར་ ༣༢,༣༩༣། རོགས་རམ་ཞུས།
  21. སོ་ན་མདའ་གཞིས་ཆགས་ནང་འགྱིག་གི་ཁང་པ་ (Green House) ཞེས་པའི་ཚལ་ཞིང་འདེབས་ཁང་འགའ་ཤས་དང་། སོན་ལུད་སོགས་ཀྱི་ཆེད་ཨ་སྒོ་ ༨,༨༧༤།༠༢ རོགས་རམ་བྱས།
  22. ལ་དགས་བསོད་ནམས་གླིང་དུ་གཞིས་འགོའི་ཡིག་ཚང་གི་ཆེད་དུ་ཆིབས་འཁོར་དང་། ལ་དགས་བྱང་ཐང་མཉམ་སྦྲེལ་གྱི་ཆེད་དུ་དོལ་སྐྱེལ་ཊག་འཁོར་གསར་ཉོའི་ཆེད་དུ་ཨ་སྒོར་$༣༣,༠༠༠། ཕུལ་ཡོད།
  23. ཕྱི་ལོ་ ༡༩༩༩ ལོར་གཞུང་གི་ལས་ཁུངས་ཁག་དང་། གཞིས་ཆགས་ཁག་ལ་ཀམ་པུ་ཊར་བེད་སྤྱོད་དང།  གློག་འཕྲིན་གྱི་ཆ་རྐྱེན་མེད་པའི་སྐབས་ཨ་སྒོར་ $༧༡,༠༠༠། ནང་སྲིད་ལས་ཁུངས་སུ་ཕུལ་སྟེ་གཞིས་ཆགས་ཁག་ ༣༣ ནས་ལས་བྱེད་གཉིས་རེ་ལྷོ་བྱང་ཕྱོགས་བགོས་ཀྱིས་སྦྱོང་བདར་ཚོ་ཁག་གཉིས་སྤྲད་དེ།  གང་འཚམས་ཡག་པོ་ཤེས་པའི་རྗེས་གཞིས་ཆགས་རེ་ལ་ཀམ་པུ་ཊར་ཆ་ཚང་རེ་དང། མྱུར་འཕྲིན་ཆེད་ modem སོགས་ཉོས་ཏེ་ལོ་གཅིག་གི་ནང་གཞིས་ཆགས་༢༨ དང་།  བོད་གཞུང་ལྷན་ཁང་ཆེ་ཁག་དྲྭ་རྒྱ་མཐུད་ཐུབ་པའི་ཕན་རླབས་ཆེན་པོ་བྱུང་ཡོད།
  24. བྷེང་ལོར་ནཱི་ལ་མངྒ་ལ་ལག་ཤེས་སློབ་གྲྭའི་ཁང་པ་ཉམས་གསོའི་ཆེད་ཨ་སྒོར་ ༡༨,༤༠༧.༩༥ དང་འཚེམས་བཟོ་དང་། མཛེས་བཟོ་སློབ་སྦྱོང་གི་ཡོ་ཆས་ཉོ་སྒྲུབ་ཆེད་ཨ་སྒོར་ $༡༧,༨༩༠ ཐོག་ཁྲོན་ཆུ་འདྲེན་བྱེད་སྐམ་གློག་གི་འཕྲུས་ཆས་ཆེད་ཨ་སྒོར་ ༥,༠༠༠། བཏང་ཡོད།
  25. གོང་བཞིན་ནཱི་ལ་མངྒ་ལམ་ལག་ཤེས་སློབ་གྲྭར་སྐྲ་བཞར་དང་། མཛེས་བཟོའི་སློབ་ཕྲུག་ ༢༠ གསར་འཇུག་བགྱིས་པའི་འགྲོ་གྲོན་ཨ་སྒོར་ ༡༥,༠༠༠། ཕུལ་ཡོད།
  26. ༡༩༩༠ ལོར་ཨ་རིའི་ནང་བོད་མི་ཆིག་སྟོང་གཞིས་ཆགས་སུ་ལེན་པའི་ལས་གཞིའི་ཐོག་རོགས་དངུལ་ཐབས་ཤེས་བྱས་ཏེ་ཁྱོན་ཨ་སྒོར་བཞི་ཁྲི་བརྒྱད་སྟོང་ $༤༨,༠༠༠། རོགས་རམ་བྱེད་ཐུབ་པ་བྱུང་ཡོད།
  27. གོང་བཞིན་ནིའུ་ཡོག་གི་བོད་མིའི་བདེ་དོན་དུ་བཙུགས་པ་ NYATA ཚོགས་པའི་ཆེད་དུ་རོགས་རམ་སྔ་རྗེས་བསྡོམས་སྒོར་ ༡༧,༠༠༠། ཕུལ་ཡོད།
  28. ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཉིན་སློབ་ཆེད་དུ་རུ་བྷིན་ཐེབས་རྩ་ནས་ཞུས་པ་སྒོར་ ༤༥༠༠། དང། ཕྱི་ལོ་ ༢༠༡༥ ལོའི་བོད་ཀྱི་ཐེབས་རྩའི་གསོལ་སྟོན་སྐབས་འབོད་སྐུལ་གྱིས་སྒོར་ ༡༠,༠༠༠། ༢༩༡༨ ལོར་སྒོར་ ༡༢,༠༠༠། བསྡོམས་ཨ་སྒོར་ ༢༦,༥༠༠། རོགས་སྐྱོར་ཐུབ་པ་བྱུང་ཡོད།
  29. བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དང་། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་རེ་འདུན་གནང་བ་ལྟར།  ཚོགས་པའི་རིག་གཞུང་བསྟི་གནས་སྤྱི་ཁང་གསར་པ་ཕུན་ཚོགས་སྡེ་བཞི་བཟོ་བཅོས་ཀྱི་ཆེད་དུ་ཨ་སྒོར་ ༢༠༠,༠༠༠། འབུམ་གཉིས་སྐྱེད་མེད་བུན་གཡར་ཞུས་ཡོད།
  30. དྷ་རམ་ས་ལར་རྟེན་གཞི་བྱས་པའི་ Tibetan Legal Association ཞེས་པའི་བོད་མིའི་ཁྲིམས་དོན་ཚོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་གོང་སྤེལ་གྱི་ཆེད་དུ་ཨ་སྒོར་ ༡༩,༥༠༠། བཏང་ཡོད།
  31. བོད་མིའི་སྤྱི་ཚོགས་ནང་སྤྱི་དམངས་ཞབས་ཞུའི་ལས་དོན་གོང་སྤེལ་ཆེད་སུད་ཌན་ཨ་ཡི་ཨེམ་རོགས་ཚོགས་དང་ཟུང་སྦྲེལ་གྱིས་རྒྱ་གར་ནང་ཟབ་སྦྱོང་ཚོགས་འདུ་གོ་སྒྲིག་ཞུས་པའི་འགྲོ་གྲོན་ཆེད་ཨ་སྒོར་ ༥,༠༠༠། བཏང་ཡོད།
  32. ཀོ་ལི་གྷལ་དོན་ལྡན་གླིང་གཞིས་སྒར་ནང་དུར་ཁང་གསར་རྒྱག་གི་ཆེད་དུ་ཨ་སྒོར་ ༦,༡༥༥། བཏང་ཡོད།
  33. གོང་བཞིན་ ༢༠༡༨ ལོར་པུར་ཝ་ལ་གཞིས་ཆགས་དང་། ཡུལ་མིའི་དུར་སར་འདས་མཆོད་བྱེད་ཡུལ་ཐོགས་ཁེབས་ཡོད་པའི་ཁང་པ་གསར་རྒྱག་ཆེད་དམིགས་བསལ་རོགས་རམ་ཨ་སྒོར་༧,༡༥༠། བཏང་ཡོད།
  34. བོད་རྒྱལ་ཡོངས་མང་གཙོ་ཚོགས་པར་ན་གཞོན་འགོ་ཁྲིད་ཀྱི་ཟབ་སྦྱོང་ཆེད་ ༢༠༡༧ ལོར་ཨ་སྒོར་ ༣,༠༠༠། རོགས་རམ་ཞུས།
  35. དགེ་ལུགས་རྒྱལ་སྤྱིའི་ཐེབས་རྩས་ཐུགས་འཁུར་ཐོག་མོན་གྷོ་གཞིས་ཆགས་ནང་ཆར་ཆུ་གསོག་འཇོག་གི་ཆེད་དུ་ ༢༠༡༧ ལོར་རོགས་རམ་ཨ་སྒོར་ ༡༠,༦༢༥། བཏང་པར་དོན་ཕན་ལྡན་པ་བྱུང་ཡོད།
  36. ༢༠༡༥ ལོར་ལ་དགས་བྱང་ཐང་གི་གཞིས་ཀེམ་ཧེན་ལེ་དང་། བཀག་གཞུང། ནུ་གུ་རྩེ། རིང་ཐུང་བཅས་པར་ས་འོག་ནས་ (Hand water pumps) ལག་པས་ཆུ་འཐེན་ཡོ་ཆས་གསར་འཛུགས་ཆེད་ཨ་སྒོར་ ༡༩,༠༢༥། རོགས་རམ་ཕུལ་བ་དོན་སྨིན་བྱུང་ཡོད།
  37. བོད་མིའི་སྤྱི་ཚོགས་ནང་སྤྱི་སྒེར་ཚོང་ལས་དར་སྤེལ་ཆེད་ ༢༠༡༥ ལོར་བལ་ཡུལ་གངས་སེང་ཚོགས་པར་རོགས་རམ་ཨ་སྒོར་ ༡༣,༠༠༠། བཏང་ཡོད།
  38. ཐེབས་རྩའི་འགན་འཛིན་ཚོགས་མི་ཚེ་དབང་རྣམ་རྒྱལ་ལགས་ཀྱིས་འགན་ཁུར་གནང་པའི་ལས་གཞི་མོན་གྷོ་གཞིས་ཆགས་ཡར་རྒྱས་ཆེད་ ༢༠༡༥ ལོར་སྒེར་གྱི་ཞལ་འདེབས་བསྡུ་རུབ་བྱས་པ་ཨ་སྒོར་ ༡༦,༢༥༣། རྒྱལ་སྤྱིའི་དགེ་ལུགས་ཐེབས་རྩ་བརྒྱུད་ཕུལ་ཡོད།
  39. གོང་བཞིན་ ༢༠༡༦ ལོར་མོན་གྷོ་གཞིས་ཆགས་ཡར་རྒྱས་ཀྱི་ལས་གཞི་སྣ་ཚོགས་ཆེད་བོད་ཀྱི་ཐེབས་རྩའི་རོགས་དངུལ་ཨ་སྒོར་ ༤༩,༢༡༤.༣༩ བཏང་བ་དོན་ཕན་ལྡན་པ་བྱུང་ཡོད།

) གཞུང་གི་དཔལ་འབྱོར་རྒྱབ་རྟེན་ལ་མཐུན་འགྱུར་ཞུས་པའི་སྙན་ཐོ།

  1. ༡༩༨༧།༡༩༨༨།༡༩༨༩ སོ་སོར་ཐེབས་རྩའི་འགན་འཛིན་ཚོགས་མི་རི་ཅཱཌ་ཝེན་གྷ་ཊེན་ (Richard Weingarten) སྔ་རྗེས་ལན་མང་དྷ་སར་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནང་འཆར་འགོད་ལྷན་ཚོགས་ (Planning Council) གསར་འཛུགས་མཐུན་འགྱུར་ལམ་སྟོན་ཞུས་པའི་ཐོག སྐུ་ཞབས་མཡི་ཀལ་ཀོ་རིཡར་(Michael Currier) གྱི་ཐེབས་རྩ་ནིའུ་སཡི་ཀལ་ཕའོན་ཌེ་ཤོན་ (New Cycle Foundation) ནས་ $༥༠༠,༠༠༠། ཨ་སྒོར་འབུམ་ལྔ་སྐྱེད་མེད་བུན་གཡར་ཞུས་པའི་ཐོག་ནས་དཔལ་འབྱོར་ལས་ཁུངས་ཀྱི་འཛིན་སྐྱོང་འོག་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཆེད་དུ་ (Revolving Loan Fund) ཞེས་པའི་བུན་གཡར་མ་དངུལ་གསར་འཛུགས་རོགས་རམ་ཞུས་ཏེ་མཉམ་སྦྲེལ་སོགས་བོད་མིའི་ཚོགས་པ་དང་། སྒེར་པ་མང་པོར་ཚོང་རྩ་བུན་ལོན་བཏང་སྟེ་དོན་དངོས་ཕན་ཐོགས་ཐུབ་པ་བྱུང་ཡོད།
  2. ༡༩༩༡ ལོར་བོད་ནས་གསར་དུ་འབྱོར་བའི་ཆེད་བཙུགས་པའི་སྣེ་ལེན་ཁང་རྒྱ་སྐྱེད་དང་། འཛིན་ཆས་གསར་ཉོ་བཅས་ཀྱི་ཆེད་དུ་ཨ་སྒོར་ཁྲི་བཞི་ $༤༠,༠༠༠། རོགས་རམ་ཞུས།
  3. གཞུང་ཞབས་རྣམས་ལ་ལས་ཤག་འདེང་ངེས་མེད་པའི་སྐུ་ངལ་སེལ་ཐབས་སུ་གངས་སྐྱིད་དུ་ཁྱིམ་ཚང་ ༡༤ ཞུགས་སའི་ལས་ཤག་ཆེད་རོགས་དངུལ་ཨ་སྒོར་ $༤༤,༠༠༠། དང་། ལྷ་རྒྱལ་རིར་བགྲེས་ཡོལ་རྣམས་ཞུགས་ས་ཆེ་ལེགས་གཅིག་གསར་རྒྱག་རོགས་རམ་ཆེད་ཨ་སྒོར་ $༦༢,༠༠༠། ཕུལ།
  4. བདེ་སྐྱིད་གླིང་དུ་ལས་བྱེད་བགྲེས་ཡོལ་ཞུགས་ཤག་ block འགའ་ཞིག་གི་ཆེད་རོགས་དངུལ་སྒོར་ $༥༧,༦༧༤། ཕུལ་ཡོད།
  5. གཞུང་གྲོན་ལ་སྨན་པའི་ཆེད་བོད་མི་མ་ཡིན་པ་རྣམས་ཀྱིས་བོད་དོན་གདུང་སེམས་མཉམ་སྐྱེད་ཆེད་ Blue Book Contribution ཞེས་དེབ་སྔོན་པོའི་ལམ་ནས་ཞལ་འདེབས་འབུལ་རྒྱུའི་ཆ་རྐྱེན་སྐྲུན་ནས་ད་ཕན་ཨ་སྒོར་ ༣༠༢,༥༨༢ འབུམ་གསུམ་ལྷག་ཕུལ་ཐུབ་པ་བྱུང་ཡོད།
  6. གཞན་ཡང་ ༡༩༩༧ ལོར་བོད་གཞུང་ནས་ཆབ་སྲིད་ལངས་ཕྱོགས་མང་མོས་འོས་བསྡུའི་ཚོགས་འདུ་རྒྱས་འཛོམས་གནང་པའི་ཕྱག་གྲོན་ཐོག་ཨ་སྒོར་ $༣༠,༥༤༣། ཕུལ་བ་མ་ཟད། མུ་མཐུད་གཞུང་གྲོན་སྔོན་རྩིས་ནང་མ་འདེང་པ་ Deficit དཀའ་སེལ་ཆེད་རོགས་སྐྱོར་ཞུས་པ།

ཀ) ༡༩༩༧ ལོར་བོད་མི་མང་སྤྱི་འཐུས་ཀྱི་དབྱར་ཁའི་ཚོགས་འདུའི་ཆེད་ཨ་སྒོར་ ༩,༠༠༠།

ཁ) ༡༩༩༨ ལོར་དགུན་ཚོགས་ཀྱི་ཆེད་དུ་ཨ་སྒོར་ ༩,༠༠༠།

ག) ༡༩༩༧ ལོར་ཁོ་ལོ་རཱ་ཌོ་དང་ལཱི་སི་ཨན་ཇ་ལེསི་ནས་ཐབས་ཤེས་ཀྱི་ཕུལ་བ་ཨ་སྒོར་ ༡༠༠,༠༠༠།

ང) གོང་བཞིན་ཨ་རི་ཛོ་ན་ནས་ཐབས་ཤེས་ཀྱི་ཨ་སྒོར་ ༥༠,༠༠༠། བཅས་འབུལ་ལམ་ཞུས་ཡོད།

  1. ༡༩༩༨ ལོར་བོད་ཀྱི་ཐེབས་རྩ་ནས་དམིགས་བསལ་གོ་སྒྲིག་གིས་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ཨ་རིའི་མངའ་སྡེ་ཁོལོ་རཱ་ཌོ་དང་། ཨེལོ་ནོཡེསི་སོ་སོའི་གྲོང་ཁྱེར་ཁག་བཅུ་གསུམ་ནང་གཞིས་བྱེས་བོད་མིའི་གནས་སྟངས་སྐོར་གསུང་བཤད་གནང་བར་གདན་ཞུ་བྱས་པའི་ཡོང་འབབ་ནས་བཀའ་ཤག་གི་ཕྱག་གྲོན་ཆེད་དུ་ཨ་སྒོར་ ༥༠,༠༠༠། ལྔ་ཁྲི་ཕུལ་ཐུབ་པ་བྱུང་ཡོད།
  2. ༡༩༩༠ ལོར་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་ལས་ཁུངས་ཁང་གླ་ཟླ་རེ་ཨ་སྒོར་ ༣,༢༠༠། གནང་དགོས་པ་དང། ལོ་དེར་བོད་ཀྱི་ཐེབས་རྩ་ནས་ཁང་པ་གསར་ཉོ་ཞུས་ཏེ་དོན་གཅོད་ཁང་ནས་ཁྲལ་དང་ཆུ་རིན་བསྡོམས་ཟླ་རེ་སྒོར་ $༡,༠༠༠། རེ་གནང་སྟེ། ལོ་༢༥ རིང་ཁང་གླའི་ཐོག་ཨ་སྒོར་འབུམ་དྲུག་དང་ཁྲི་ལྔ་ ($༦༥༠,༠༠༠) བར་ཁྱད་འདུག་པ་གཞུང་གྲོན་བསྲི་ཚགས་ལ་ཕན་ཐོགས་ཐུབ་པ་བྱུང་ཡོད།
  3. གོང་བཞིན་རྒྱལ་ས་ཝ་ཤིང་ཊོན་དུ་དོན་གཅོད་ཁང་གསར་གཟིགས་གནང་པར་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ ($1.5 million) མཐུན་འགྱུར་ཞུ་ཐུབ་པ་བྱུང་ཡོད།
  4. ཨ་རི་དོན་གཅོད་ཁང་ནས་འབོད་སྐུལ་གནང་བ་བཞིན་བྱང་ཨ་རིའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་འདུ་སྔ་རྗེས་གཉིས་ཀྱི་འགྲོ་གྲོན་ཆེད་ཨ་སྒོར་ ༣,༠༠༠༠། རོགས་རམ་ཕུལ་ཡོད།
  5. གཞུང་གི་རྩིས་ཞིབ་སྦྱོང་བདར་ཆེད་ཨ་སྒོར་ ༥,༠༠༠། དང། གཞིས་འགོ་བདེ་དོན་དང་མཉམ་སྦྲེལ་སོགས་ཀྱི་ཟབ་སྦྱོང་སྔ་རྗེས་ཆེད་ཨ་སྒོར་ ༡༣,༠༠༠། རོགས་རམ་ཕུལ་ཡོད།
  6. བོད་མིའི་སྤྱི་ཚོགས་ནང་སྤྱི་སྒེར་ཚོང་ལས་དར་སྤེལ་ཆེད་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་སྔ་རྗེས་དམིགས་བསལ་རོགས་སྐྱོར་ཐེངས་བཞི་ལ་བསྡོམས་ཨ་སྒོར་༣༧,༧༧༠། ཕུལ་ཡོད།

) མེ་སྐྱོན་དང་།  ཆུ་རུད།  ས་འགུལ་སོགས་ཛ་དྲག་ངལ་སེལ་རོགས་རམ།

  1. ཀུ་ལུ་དང། མ་ཐུ་ར་སུ་ཊར་ཁྲོམས་ཚོགས། ལྡི་ལི་ལལ་ཀི་ལ་སུ་ཊར་ཁྲོགས་ཚོགས་སོགས་ལ་མེ་སྐྱོན་བྱུང་བར་ཛ་དྲག་དཀའ་སེལ་རོགས་རམ་ཁྱོན་བསྡོམས་ཨ་སྒོར་ $༣༤,༠༠༠། ཕུལ་ཐུབ་པ་བྱུང་ཡོད།
  2. ཧོན་སུར་གཞིས་ཆགས་དང་། བདེ་སྐྱིད་སླར་གསོའི་ལྕོག་ཀུར་ཀེམ་གཉིས་ལ་ཐན་པ་བྱུང་བའི་ངལ་སེལ་ཆེད་ཨ་སྒོར་ ༡༠,༠༠༠། བཏང་ཡོད།
  3. མེ་སོར་གཞིས་ཀེམ་ཁག་གི་ནང་(Information Technology) དྲྭ་ཐོག་གནས་ཚུལ་འཚོལ་སྒྲུབ་སོགས་ཀམ་པུ་ཊར་སློབ་སྦྱོང་དང་། གཞོན་སྐྱེས་རྣམས་ལ་རང་ཁོངས་གཞིས་ཆགས་སོ་སོའི་ནང་ལས་ཀ་སྤྲོད་ཐབས་འཆར་གཞི་གསར་བཟོའི་ཆེད་དུ་ནང་སྲིད་ལས་ཁུངས་སུ་ཨ་སྒོར་༢༥,༠༠༠། རོགས་རམ་ཕུལ་ཡོད།
  4. ༡༩༩༦ ལོར་ནང་སྲིད་ལས་ཁུངས་སུ་གཞིས་ཆགས་ཁག་ ༡༣ གྱི་ཞིང་པ་རྣམས་ལ་དམིགས་བསལ་སྦྱོང་བདར་ཆེད་ཨ་སྒོར་ ༢༠,༠༠༠། དང་། ཀུ་ལོ་པོན་ཌོ་གཞིས་སྒར་ནང་ཟ་ཆས་ཚོང་ཁང་གསར་རྒྱག་ཆེད་ཨ་སྒོར་ ༩,༦༢༠། རོགས་རམ་ཕུལ།
  5. ༢༠༠༡ ལོར་རྒྱ་གར་གྱི་མངའ་སྡེ་གྷུ་ཇུ་རཱཏ་ནང་ས་འགུལ་གྱིས་རྐྱེན་པས་གོད་ཆགས་ཚབས་ཆེན་བྱུང་བར་ཨ་རི་སྐུ་ཚབ་དོན་གཅོད་ཁང་དང་། བོད་ཀྱི་ཐེབས་རྩ་གཉིས་ནས་གདུང་སེམས་མཉམ་སྐྱེད་མཚོན་སླད་ཞལ་འདེབས་ཨ་སྒོར་ ༢༣,༠༠༠། རྒྱ་གར་གཞུང་ཚབ་དུ་ཕུལ་ཡོད།
  6. ལ་དགས་བསོད་ནམ་གླིང་གཞིས་ཆགས་ཀྱི་ཨག་ལིང་ཀེམ་དུ་སྤྲིན་པ་བརྡོལ་ནས་ཆུ་ལོགས་ཀྱི་དཀའ་ངལ་སྐབས་གཙང་པོ་ལ་ཆུ་རགས་ཀྱི་ཆེད་དུ་ཨ་སྒོར་ $༥༠,༠༠༠། ཕུལ་ཐུབ་པ་བྱུང་ཡོད།
  7. གོང་བཞིན་གངས་ཐིབས་ཀྱིས་རྐྱེན་པས་ལ་དགས་བྱང་ཐང་གི་འབྲོག་པའི་ར་ལུག་དང་ནོར་ཕྱུགས་མང་པོ་ལྟོགས་ཤི་ཐེབས་པའི་དཀའ་སེལ་ཆེད་རོགས་སྐྱོར་ཨ་སྒོར་ ༡༣༧༠༢།
  8. བལ་ཡུལ་ནང་ས་ཡོམ་གོད་ཆགས་ཀྱིས་བོད་མིའི་གཞིས་ཆགས་གསུམ་གྱི་ཁང་པ་དང། རྒན་གསོ་ཁང། དེ་བཞིན་རིས་མེད་དགོན་ཁག་གི་གྲ་བཙུན་བཞུགས་ཤག་གཏོར་བཤིགས་སོང་བ་ཉམས་གསོ་དང་གསར་བཟོའི་ཆེད་ཨ་སྒོར་ ༡༡༠༠,༠༠༠། ས་ཡ་གཅིག་དང་འབུམ་གཅིག་(1million) རོགས་རམ་མིག་སྨན་མིག་ཐོག་ཏུ་བཏང་པའི་དབྱིན་ཡིག་ལས་བསྡོམས་ཟུར་འདོན་ཞུས་ཡོད།
  9. ༡༩༩༥ ལོར་བོད་དུ་ཡུལ་ཤུལ་དང། མངའ་རིས། སྤོ་རོང་སོགས་ལ་གངས་ཐིབས་ཀྱིས་ར་ལུག་དང་འབྲི་གཡག་སྟོང་ཕྲག་འཆི་སྐྱོན་གྱིས་རྐྱེན་པའི་པས་འབྲོག་པའི་འཚོ་གོས་ལ་དཀའ་ངལ་སེལ་ཐབས་སུ་ཛ་དྲག་རོགས་རམ་ཨ་སྒོར་ $༢༠༠,༠༠༠། འབུམ་གཉིས་བཏང་ཡོད།
  10. བདེ་ཆེན་བོད་རིགས་རང་སྐྱོང་ས་ཁུལ་དུ་ས་ཡོམས་ཀྱིས་ཉེས་སྐྱོན་དཀའ་སེལ་ཆེད་ཨ་སྒོར་༥,༠༠༠། བཏང་ཡོད།
  11. ༢༠༡༡ ལོར་གོང་གསལ་ཡུལ་ཤུལ་ལམ་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམས་ཀྱི་གོད་ཆགས་བསམ་ཡུལ་ལས་འདས་པ་བྱུང་བའི་ཛ་དྲག་རོགས་རམ་ཆེད་ཨ་སྒོར་ $༡༢༢,༧༨༥། འབུམ་གཅིག་དང་ཉིས་ཁྲི་ཉིས་སྟོང་བདུན་བརྒྱ་བརྒྱད་ཅུ་གྱ་ལྔ་རོགས་སྐྱོར་ཞུ་ཐུབ་པ་བྱུང་ཡོད།

བོད་ཀྱི་ནང་མིག་ནད་སྨན་བཅོས་དང་སྨན་ཁང་གསར་རྒྱག  དེ་བཞིན་སློབ་གྲྭྭ་འགའ་ཤས་ལ་རོགས་རམ་བྱས་པའི་སྙན་ཐོ་སྙིང་བསྡུས།

  1. ༡༩༨༨ ནས་བཟུང་ཨ་རི་གཞུང་ནས་རོགས་རམ་ཁྱོན་བསྡོམས་ $༡,༩༨༤,༦༦༩.༠༠ གནང་སོན་བྱུང་བའི་ལས་གཞིའི་འོག་བོད་ནས་དབྱིན་ཇིའི་སྐད་ཡིག་དང་ཀམ་པུ་ཊར་སྦྱོང་བདར་ཆེད་སློབ་ཕྲུག་༩༦ ཨ་རིའི་ནང་ལེན་ཐུབ་པ་བྱུང་ཡོད།
  2. གོང་གསལ་རོགས་དངུལ་གྱི་ཁོངས་ནས་དར་རྩེ་མདོ་དང། བྷེ་ཇིང། ཁྲིན་འདུ། ཟི་ལིང་བཅས་པར་མཐོ་སློབ་ཏུ་འགྲོ་བཞིན་པའི་བོད་རིགས་སློབ་མ་མང་དག་ཞིག་ལ་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་གི་ཆེད་དུ་དགེ་རྒན་དང་འཛིན་གྲྭའི་འགྲོ་གྲོན་ལོ་མང་བཏང་ཐུབ་པ་བྱུང་ཡོད།
  3. ཆུ་ཤུར་ནང་བུ་ཁྱིམ་གསར་རྒྱག་གིས་བུ་ཕྲུག་ཉམས་ཐག་ ༢༥ ལ་ལོ་བཅོ་ལྔའི་རིང་འགྲོ་གྲོན་བསྡོམས་འབུམ་གསུམ་ $༣༠༠,༠༠༠ ཙམ་བཏང་ཡོད།
  4. གོང་བཞིན་མགོ་ལོག་དང་རྒྱལ་ཐང་གཉིས་ལ་བོད་མི་སྒེར་གྱིས་བུ་ཁྱིམ་གསར་འཛུགས་འཛིན་སྐྱོང་བྱས་པར་ད་ཕན་ལོ་བཅོ་ལྔའི་རིང་ཨ་སྒོར་ $༡༠༠,༠༠༠། འབུམ་གཅིག་ལྷག་ཙམ་རོགས་རམ་བྱས་ཡོད།
  5. ལྷ་སར་མིག་གི་སྨན་ཁང་གསར་རྒྱག་བྱས་པའི་འགྲོ་གྲོན་ཨ་སྒོར་ $༡༨༠,༠༠༠། ནག་གཏོང་བྱས་པ་མ་ཟད། བོད་ཁྱོན་ཡོངས་ནང་སྐྱ་སྒྲིབ་ཀྱི་མིག་ནད་སྨན་བཅོས་སྨན་པའི་རུ་ཁག་སྔ་རྗེས་ཀྱི་འགྲོ་གྲོན་ཨ་སྒོར་ $༧༥,༠༠༠། བཏང་སྟེ་སྐྱ་གྲིབ་ཀྱི་ལོངས་བ་མི་གྲངས་ ༢,༠༠༠། ཙམ་གྱིས་སླར་ཡང་མཐོང་ཐུབ་པ་བྱུང་ཡོད།
  6. བལ་ཡུལ་ནང་བོད་ནས་བསུས་པའི་མིག་གི་ལིང་གྲིབ་བཤགས་བཅོས་སྨན་སློབ་སྔ་རྗེས་ཀྱི་ལམ་གྲོན་ཆེད་ཨ་སྒོར་ ༦,༠༠༠། བཏང་ཡོད།
  7. ཨ་མདོའི་ནང་འབྲོག་པའི་འབྲི་གཡག་གི་ཁུ་ལུ་ཚོང་འགྲེམས་ཀྱི་ལས་གཞིའི་ཆེད་སྒྲོལ་ཟམ་ཐེབས་རྩ་(The Bridge Fund) ལ་ཨ་སྒོར་ ༡༡༨,༠༠༠། རོགས་རམ་ཕུལ་བ་དོན་ཕན་བྱུང་ཡོད།
  8. གཞོང་པ་ལྷ་ཆུར་བོད་སྨན་སློབ་གྲྭ་གསར་འཛུགས་ཆེད་ཨ་སྒོར་འབུམ་གཅིག་($༡༠༠,༠༠༠) རོགས་རམ་ཕུལ་ཡོད་ཀྱང་། འབྲེལ་ཡོད་ཚོགས་པས་བོད་སྨན་སློབ་གྲྭ་འཛུགས་རྒྱུའི་ཚབ་ཏུ་བོད་སྨན་བཟོ་གྲྭ་གསར་རྒྱག་བྱས་འདུག།
  9. ༡༩༩༧ ལོར་བོད་དར་རྒྱས་ཐེབས་རྩ་ཚོགས་པའི་འགན་འཛིན་མི་གསུམ་ཨ་རིར་མགྲོན་འབོད་བྱས་པའི་གནམ་གྲུའི་འགྲོ་གྲོན་ཨ་སྒོར་ ༡༣,༧༡༧།༩༨ རོགས་རམ་བྱས་ཡོད།
  10. མིག་ནད་སྔོན་འགོག་དང་བཤགས་བཅོས་ཆེད་ ༡༩༩༧ ལོར་བལ་ཡུལ་རྒྱལ་ས་ཀཐ་མན་ཌུར་རྒྱལ་སྤྱིའི་ཚོགས་འདུ་དང་། ཟབ་སྦྱོང་ཆེད་བོད་ནས་སྨན་པ་སོགས་མི་གྲངས་ ༡༥ ཚོགས་ཞུགས་བྱས་པའི་ལམ་གྲོན་ཨ་སྒོར་ ༢,༠༥༠། རོགས་རམ་བྱས་ཡོད།
  11. བར་ལམ་བོད་ནང་འབྲི་གཡག་གི་གཟུགས་ཚད་དང་སྟོབས་ཤུགས་ཉམས་གུད་སླར་གསོའི་ཆེད་གཡག་རྒོད་དང་། འབྲོང་འཇུས་པའི་ཐིག་ལེ་ཁྱག་སྒམ་དུ་བཅུག་ནས་འབྲི་ལ་འབྲོང་གི་ཐིག་ལེས་ཁབ་རྒྱབ་སྟེ་གནག་ནོར་སྤུས་ཚད་གོང་སྤེལ་གྱི་ལས་གཞིའི་ཆེད་ཨ་སྒོར་ཁྲི་གསུམ་($༣༠,༠༠༠) རོགས་རམ་བྱས་ཡོད།
  12. ཉི་མ་རྡོ་རྗེ་བརྒྱུད་བྲག་ཡབ་ཁུལ་དུ་སློབ་གྲྭ་གས་འཛུགས་ཆེད་ཨ་སྒོར་ ༣,༠༠༠། དང་མོ་ནི་ཀ་གྷེ་རི་བརྒྱུད་བོད་དུ་སློབ་གྲྭ་ཁག་གསུམ་ལ་ཨ་སྒོར་ ༣,༠༠༠།
  13. བོད་ཕྲུག་རྣམས་ནས་བོད་སྐད་ཡག་པོ་རྒྱབ་ཐུབ་པ་དང་། གནའ་རབས་ཀྱི་ཤོད་སྒྲུང་ལ་དོ་སྣང་སླེབས་ཐབས་བཟོ་ཆེད་ཨ་ཁུ་སྟོན་པའི་སྒྲུང་གཏམ་གསང་ཐག་གིས་ཨ་ལད་པད་ཀོ་འཁྲབ་པའི་གློག་བརྙན་བཟོ་རྒྱུའི་ཆེད་ཨ་སྒོར་ ༦,༠༠༠། བཏང་བ་མ་ཟད། སྔར་ལྷ་སའི་བྱིས་པ་རྣམས་ཀྱི་རྩེད་སྣ་དང་གླུ་གཞས་སྒྲ་འཇུག་གི་ཆེད་ཨ་སྒོར་ ༦,༠༠༠། རོགས་རམ་ཞུས་ཡོད་
  14. དགུ་མཚོ་སྨན་ཁང་གི་མཐུན་རྐྱེན་ཆེད་ ༢༠༠༥ ནས་ད་བར་ཨ་སྒོར་ ༡༦,༣༡༠། དང་། མཐོ་རིམ་སློབ་གྲྭའི་སློབ་ཡོན་སྤྲོད་འཇལ་མ་ཐུབ་པ་འགའ་ཞིག་ལ་རོགས་རམ་སྤྲད་པ་ཨ་སྒོར་ ༡༨,༥༠༠། བཅས་དཔེ་མཚོན་ཙམ་ཡིན།
  15. གོང་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཆེ་ཁག་གཙོ་གྱུར་དྷ་ས་བུ་ཕྲུག་ཁྱིམ་སྡེ་དང། བདེ་ལེགས་སྨན་ཁང། དགའ་ལྡན་བྱང་རྩེ།  བཀྲིས་ལྷུན་པོ། ཁ་བ་དཀར་པོ་བོད་ཀྱི་བང་ཆེན་ཚགས་ཤོག  དུས་བབ་ཚགས་ཤོག  སྙིང་སྟོབས་གླིང་དབང་པོ་སྐྱོན་ཅན་སློབ་གྲྭ  འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས། ཆང་དང་ཉལ་ཐའི་དཀའ་སེལ་ཀུན་ཕན་ཚོགས་པ། བཙུན་དགོན་སྒྲོལ་མ་གླིང་དང་།  འཇམ་དབྱངས་ཆོས་གླིང་སོགས་སྡེ་ཁག་མང་པོར་ཁུངས་སོའི་སྦྱིན་བདག་གིས་བཏང་པའི་རོགས་དངུལ་རྣམས་རྩིས་ལེན་གྱིས་བྱུང་འཛིན་གཏོང་རྒྱུ་དང་།  དངུལ་འབབ་རྒྱ་གར་ནང་གཏོང་རྒྱུའི་མཐུན་འགྱུར་དུས་ཐོག་སོ་སོར་སྒྲུབས་དང་སྒྲུབ་བཞིན་པ་བཅས་སོོ།།  །།
Donate Online
I wish to make the following donation:
In support of the following program:

Continue to
Continue to

Donate By mail

Click below for form (in pdf format) to mail with your check or money order.

Download Mail Form