potala-e1530287849618

བོད་ཀྱི་ཐེབས་རྩའི་དྲྭ་མཛོད་ཐོག་ཕེབས་པར་དགའ་བསུ་ཞུ།

བོད་ཀྱི་ཐེབས་རྩ་ནི་རྒྱ་གར་དང་། བལ་ཡུལ་ནང་ཡོད་པའི་བོད་མི་བཙན་བྱོལ་བ་རྣམས་ཀྱི་ཆེད་དུ་བཙུགས་པའི་རོགས་ཚོགས་ལྟེ་བའི་གྲས་ཤིག་ཡིན་ཞིང་། བོད་ཀྱི་ཐེབས་རྩས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཤེས་ཡོན་བཅས་མི་ཉམས་རྒྱུན་འཛིན་དང་། སྤྱི་ཚོགས་དང་འཕྲོད་བསྟེན་ཡར་རྒྱས་ལ་དམིགས་པའི་དཔལ་འབྱོར་གོང་སྤེལ་གྱི་ཆེད་དུ་རྒྱ་གར་དང་། བལ་ཡུལ་ནང་གནས་པའི་བཙན་བྱོལ་བོད་མི་འབུམ་གཅིག་ལྷག་ཙམ་ལ་རོགས་ཕན་ཞུས་དང་ཞུ་བཞིན་པ་ཡིན།

About Us

children learning English
ཤེས་ཡོན།

བོད་ཀྱི་ཐེབས་རྩས་རྒྱ་གར་དང་བལ་ཡུལ་ནང་བོད་ནས་གསར་དུ་འབྱོར་བའི་བོད་མི་བཙན་བྱོལ་བ་དང་། དབང་པོ་སྐྱོན་ཅན་གྱིས་གཙོས་སློབ་ཕྲུག་གི་ཤེས་ཡོན་ལས་འཆར་སྣ་ཚོགས་དང་། ཆེས་མཐོའི་ཤེས་ཡོན་དོན་གཉེར་ཅན་རྣམས་མཐོ་རིམ་སློབ་གྲྭར་འཛུགས་ཞུགས་ཐུབ་པའི་སློབ་ཡོན་དང་། གཞན་ཡང་དགོན་སྡེ་གྲ་ཚང་ཁག་ཏུ་སློབ་གཉེར་གནང་བཞིན་པའི་གྲ་བཙུན་བརྒྱ་ཕྲག་མང་པོར་འཚོ་སྐྱོང་སྦྱིན་བདག་འཚོལ་བཞིན་པ་ཡིན།

ཞིབ་ཕྲ་འདིའི་ནང་ཡོད།

rsz_y39a3930
འཕྲོད་བསྟེན།

བོད་ཀྱི་ཐེབས་རྩས་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་ལ་དམིགས་པའི་ཕུགས་རྒྱང་རིང་པོའི་ལས་འཆར་སྤྱི་དང་། ལྷག་པར་བཙན་བྱོལ་བ་ཉམས་ཐག་རྣམས་ལ་ཉེ་བར་མཁོ་བའི་འཕྲོད་བསྟེན་ཞབས་ཞུའི་ཐོག་རོགས་ཕན་གང་ཐུབ་ཞུ་བཞིན་པ་ཡིན།

Learn More

bg2

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན།

འཛམ་གླིང་ཐོག་གི་མི་མང་པོས་བོད་མི་རྣམས་ལ་སེམས་ཐག་ཉེ་པོ་བྱེད་ཀྱི་ཡོད་པར་བོད་མི་ཚོས་བཀའ་དྲིན་བསམ་ཤེས་ཐུབ་ཀྱི་ཡོད།

གསུང་འཕྲིན་ཆ་ཚང་འདིའི་ནང་ཡོད།

ཁྱེད་ཀྱིས་བོད་ཀྱི་ཐེབས་རྩར་རོགས་ཕན་གང་བྱེད་ཐུབ་བམ།

སྤྱིར་བཏང་ཞལ་འདེབས་ཤིག་གནང་བར་ཞུ།

ང་ཚོའི་བསྒྲུབ་བྱའི་དམིགས་ཡུལ།ཁྱེད་ཀྱིས་སྤྱིར་བཏང་ཞལ་འདེབས་གང་གནང་པ། ང་ཚོས་བརྒྱ་ཆ་བརྒྱ་ཐམ་པ་སྒང་ཚང་བོད་མིའི་བདེ་དོན་ལ་སྨན་པའི་ལས་དོན་སྤྱི་དང། བྱེ་བྲག་བོད་ཀྱི་ཐེབས་རྩའི་ནུས་ཤུགས་གོང་འཕེལ་གྱི་ཆེད་དུ་གཏོང་ཆོག །

འདིར་འཛུལ་ནས་ཞལ་འདེབས་གནང་བར་ཞུ།

བོད་མི་སྐྱོ་པོ་རོགས་རམ་དགོས་ངེས་ཅན་ཞིག་གི་སྦྱིན་བདག་གནང་བར་ཞུ།

ཁྱེད་ཀྱིས་གནང་བའི་རོགས་རམ་གྱིས། བོད་མི་སྐྱབས་བཅོལ་བ་གང་ཞིག་གི་མི་ཚེའི་མདུན་ལམ་ལ་ཕན་པའི་ཆ་རྐྱེན་ངེས་པར་དུ་སྐྲུན་ཐུབ་པས། འདིར་འཛུལ་ནས། ང་ཚོས་ཉམས་ཐག་ལ་སྦྱིན་བདག་འཚོལ་བའི་ལས་འཆར་ལ་ཐུགས་ཞིབ་གནང་རོགས།

འདིར་འཛུལ་ནས་སྦྱིན་བདག་གནང་བར་ཞུ།

རྩིས་ཁྲ་དང་། ལོ་འཁོར་ལས་བསྡོམས།

བོད་ཀྱི་ཐེབས་རྩའི་ལོ་འཁོར་རྩིས་ཁྲ་དང་ལས་བསྡོམས་ལ་ཐུགས་ཞིབ་གནང་ཚེ། འབྲེལ་ཐག་འདི་མནན་ཏེ དྲ་མཛོད་ནས་ཕབས་དགོས

རྩིས་ཁྲའི་སྙན་ཐོ།

ང་ཚོའི་བསྒྲུབ་བྱའི་དམིགས་ཡུལ།

བོད་ཀྱི་ཐེབས་རྩའི་གཞི་རྩའི་དམིགས་ཡུལ་ནི་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང། བྱེས་འབྱོར་བོད་མི་རྣམས་རང་རྐྱ་འཕེར་བའི་སྒོ་ནས་སྤྱི་མཐུན་མཉམ་གནས་ཐུབ་ཐབས་ལ་མཐུན་འགྱུར་ཞུ་རྒྱུ་ཡིན།

རོགས་ཚོགས་གཙོ་བོ་ཡིན་པའི་ཆ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་འཕྱར་གྲུ་མཉམ་འདེགས་ཀྱིས་རྒྱ་གར་དང། བལ་ཡུལ། འབྲུག་བཅས་པར་སྐྱབས་བཅོལ་དུ་གནས་པའི་བོད་མི་༡༤༠༠༠༠ ཙམ་གྱི་བུ་ཕྲུག་གི་ཤེས་ཡོན་དང་བཙན་བྱོལ་བ་གཞིས་ཚུགས། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ལས་དོན་ལ་མཉམ་རུབ་ཞུ་བཞིན་པ་མ་ཟད། བོད་ནང་དུའང་ད་ཕྲུག་གི་སློབ་གྲྭ་དང་། མིག་ནད་སྨན་བཅོས་གཙོ་གྱུར་འཕྲོད་བསྟེན་གྱི་ལས་རིགས། རྐྱེན་ངན་སྔ་རྗེས་ལ་ཛ་དྲག་རོགས་སྐྱོར། ཉམས་ཐག་གི་འཚོ་གོས་ལ་སྨན་པའི་རོགས་སྐྱོར་སྣ་ཚོགས་ཞུས་པ་ཞིབ་ཕྲ་ང་ཚོའི་གནས་ཚུལ་ཞེས་པའི་སྡེ་ཚན་ནང་གཟིགས་རོགས་གནང་།

ང་ཚོའི་ལོ་རྒྱུས།